84783
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་སྤྱིའི་ངོ་བོ་ནི། ཕྱིན་ཅི་ལོག་གི་སེམས་ཀྱིས་བསྡུས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་བ་ནི། དབུ་མ་རྩ་བར། འདས་ཕན་ཆད་དང་མཐའ་སོགས་དང། །རྟག་ལ་སོགས་པར་ལྟ་བ་དག། །མྱ་ངན་འདས་དང་ཕྱི་མཐའ་དང། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཞེས་པ་ལྟར་བདག་དང་འཇིག་རྟེན་རྟག་པར་དང་། མི་རྟག་པ་དང། གཉིས་ཀར་དང། གཉིས་ཀ་མ་ཡིན་པར་ལྟ་བ་དང་བཞི། སྔོན་མཐའ་ལ་བརྟེན་པ་དང། བདག་དང་འཇིག་རྟེན་མཐའ་དང་ལྡན་པར་དང། མི་ལྡན་པར་དང། གཉིས་ཀར་དང། གཉིས་ཀ་མ་ཡིན་པར་ལྟ་བ་དང་བཞི། ཕྱི་མའི་མཐའ་ལ་བརྟེན་པ་དང། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་བར་དང། མི་འབྱུང་བར་དང། གཉིས་ཀར་དང། གཉིས་ཀ་མ་ཡིན་པར་བཞི་མྱང་འདས་ལ་བརྟེན་པ་དང། ལུས་སྲོག་གཅིག་ཏུ་དང། ལུས་སྲོག་ཐ་དད་དུ་ལྟ་བ་ནི་ལུས་སྲོག་ལ་བརྟེན་པ་སྟེ་བཅུ་བཞིའོ། །གང་ཟག་གང་གི་ཡིན་པ་ནི། རྟག་མཐའ་དང་ལྡན་། གྲོངས་ནས་འབྱུང་བར་ལྟ་བ་གསུམ། གྲངས་ཅན་གྱི་ལྟ་བ་མིང་གཡོ་བ་ཞེས་ཟེར། དེ་འོག་གསུམ། རྒྱང་འཕེན་གྱི་ལྟ་བ་མིང་འདུ་བ་ཞེས་ཟེར། དེ་འོག་གསུམ། གཅེར་བུ་པའི་ལྟ་བ་མིང་བཀྲམ་པ་ཞེས་ཟེར། དེ་འོག་གསུམ། གནས་མ་བུའི་ལྟ་བ་མིང་བཅུམ་པ་ཞེས་ཟེར། ལུས་སྲོག་གཅིག་ཏུ་ལྟ་བ་བྱེ་བྲག་པ་སོགས་ཀྱི་ཡིན། ལུས་སྲོག་ཐ་དད་ཟེར་ཡང་། ལུས་ཀྱང་སྲོག་མ་ཡིན། སྲོག་ཀྱང་ལུས་མ་ཡིན་པར་ལྟ་བ་གྲངས་ཅན་སོགས་ཀྱི་ཡིན་ནོ། །ལུང་མ་བསྟན་དུ་གཞག་པའི་རྒྱུ་མཚན་ནི། གྲངས་ཅན་སོགས་ཀྱིས་གང་ཟག་གི་བདག་ལས་བརྩམས་ཏེ། འཇིག་རྟེན་མཐའ་དང་ལྡན་ནམ་མི་ལྡན་ཞེས་སོགས་དེ་བཞིན་གཤེགས་པ་ལ་ཞུས་པས་མི་འདུལ་བ་ལ་དགོངས་ནས་ལན་ལུང་དུ་མ་བསྟན་པས་དེར་བཞག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་
|; |@@@ | | }}