84815
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༨༨༡ ལོར་གཞིས་རྩེར་ཡབ་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་། ཡུམ་བདེ་ཆེན་པད་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་པར་ཡིག་རྩིས་སོགས་ལ་མཁས་པར་སྦྱངས། གསོ་བ་རིག་པ་ལ་ཡང་ཐོས་བསམ་མཛད། ལྷ་སར་ཕེབས་ཏེ་དྲུང་འཁོར་གྱི་གྲལ་དུ་འཁོད། རྩིས་པའི་ལས་འགན་ལོ་ངོ་བཅུ་ཙམ་ཁུར། སོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཆུ་་གླང་ཕྱི་ལོ་ ༡༩༡༣ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བཀའ་མངགས་ལྟར་བོད་ཕྲུག་བཞི་ཁྲིད་ནས་དབྱིན་ཇིའི་རྒྱལ་སར་ཕེབས། དབྱིན་ཇིའི་སྐད་ཡིག་སོགས་ལ་སྦྱངས་། ཕྱིར་ལོག་རྗེས་རྒྱལ་བ་རིན་པོ་ཆེས་རྩིས་དཔོན་གྱི་གོ་གནས་གནང་། འབབ་ཞིབ་ལས་ཁུངས་ཀྱི་འགོ་ཁྲིད་དུ་བསྐོས། སྡེ་དཔོན་སྐུ་དྲག་དང་། ཡབ་གཞིས། སྒེར་གཞིས། མཆོད་གཞིས། བཀའ་གཞིས། མདའ་གཞིས་སོགས་ནས་འབྲུ་རིགས་མང་དུ་འབབ་ཞིབ་བསྡུས་པས་དཔོན་རིགས་ཁ་ཤ་ལ་ཕག་ཐུག་བྱུང་། རྒྱལ་བ་རིན་པོ་ཆེས་དམག་སྤྱིའི་འཚོ་འཛིན་ཞེས་པའི་གོ་གནས་ཀྱང་གནང་། རྒྱལ་བ་རིན་པོ་སྐུ་གཤེགས་རྗེས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་པ་བཙུག་པས་བོད་གཞུང་གིས་བཙོན་འཇུག་བྱས་ཏེ། སྤྱན་མིག་གཉིས་འདོན་རྒྱུའི་ཁྲིམས་ཐག་བཅད། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ཕྱི་ལོ་ ༡༩༤༠ ལོར་སྐུ་གཤེགས། |