84821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་སྟོན་པ་ཙནྡྲ་པའི་མདོ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་ཞབས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་ལུང་སྟོན་པ་ཙནྡྲ་པའི་མདོ། བལ་པོའི་པཎྜི་ཏ་ཆེན་པོ་སྒྲ་པ་རྣམས་ཀྱི་གཙུག་གི་ནོར་ལྟ་བུ་བྲམ་ཟེ་ཆེན་པོ་ཛེ་ཏ་ཀརྞྞ་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར། ཆོས་ཚན་འདི་སྡེ་དགེ་དང་། ཅོ་ནེ་གཉིས་དང་འགྱུར་མི་འདྲ་བས་འདིར་པེ་ཅིང་ལ་གཞིར་བཟུང་ནས་སྣར་ཐང་དང་བསྡུར་ཞིང་། གོང་དུ་སྡེ་དགེ་ལ་གཞི་བཟུང་ནས་ཅོ་ནེ་དང་བསྡུར་བའི་ཆོས་ཚན་ ༣༥༠༠ པ་གཉིས་འགྱུར་གྱི་ཁྱད་པར་ལས་ཆོས་ཚན་གཅིག་གོ ། བསྟན་འགྱུར་སྒྲ་མདོ་ར་པར་བཞུགས།

{{#arraymap:ལུང་སྟོན་པ་ཙནྡྲ་པའི་མདོ་

|; |@@@ | | }}