84848
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུང་དུས་ནས་ཡིག་རྩིས་དང་དྲག་རྩལ་བཅས་ལ་སྦྱངས། ནར་སོན་རྗེས་རྒྱལ་པོ་ལྷ་བཟང་ཁཱང་གིསགཟིགས་སྐྱོང་གནང། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོར་ཇུན་གར་ཚེ་རིང་དོན་གྲུབ་འཁོར་དང་བཅས་པར་དྲག་པོས་རྒོལ་ལན་སྤྲད། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་རྒྱལ་དབང་མཆོག་ནས་གུང་གི་ཆོ་ལོ་དང་སྦྲགས་བཀའ་བློན་དུ་བསྐོས། རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་ ༡༧༢༧ ལོའི་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ང་ཕོད་རྡོ་རྗེ་རྒྱལ་པོ་དང་། སྦྱར་ར་བློ་གྲོས་རྒྱལ་པོ་དང་མཉམ་དུ་བཀའ་བློན་ཁང་ཆེན་བསོད་ནམས་རྒྱལ་པོ་བཀྲོངས། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་གཙང་དམག་ཁྲིད་ནས་རྒོལ་ལན་སྤྲད་པས་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ་ ༡༧༢༨ ལོའི་ཧོར་ཟླ་ལྔ་པའི་ནང་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལ་སྲོག་སྐྱོབ་ཞུས། རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ་ ༡༧༢༨་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་སྲོག་ཐོག་བཏང་། |