84857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་ཁ་དམར་རྡེལ་ལྔ་ (1)
Part of speech མིང་ཚིག
Definition ཚེ་རྩིས་ཀྱི་རྡེལ་གྱི་ཡ་གྱལ་སྟངས་གཅོད་རྡེའུ་ཉེར་བཞིའི་ནང་གསེས་ལྔ་སྟེ། ལུས་རྡེལ་ཉེར་ལྔ་ལས་ལུས་རང་གི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་དང་། ལུས་ཀྱི་མའི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ། ལུས་ཀྱི་བུའི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ། ལུས་ཀྱི་གྲོགས་ཀྱི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ། ལུས་ཀྱི་དགྲའི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་བཅས་ཡིན། ཁ་དམར་དེ་ལྔ་ལས་ལུས་རང་གི་ཁ་དམར་རྡེའུ་དཀར་ན་ཁ་རྗེ་ཆེ་ཞིང་གཟུགས་བྱད་ལེགས་ལ་ཁྱིམ་ཟིན་པར་བཤད། ནག་ན་ནད་མོད་ཅིང་དབང་པོ་སྐྱོན་ཅན་འོང་བར་བཤད་པས། རིམ་གྲོར་ལུས་བསྒྱུར་དང་ལུས་བསྐྱེད་སྲུང་འཁོར་གདགས་དགོས། ལུས་ཀྱི་མའི་ཁ་དམར་རྡེའུ་དཀར་ནག་མ་དང་སྲུ་མོར་འགྲོགས་ཡུན་རིང་བར་བཤད། ནག་ན་དེ་ལས་ལྡོག་སྟེ་འགྲོགས་ཡུན་ཐུང་བར་བཤད། ལས་ཀྱི་བུའི་ཁ་དམར་རྡེའུ་དཀར་ན་ཁྱེའུ་བུ་མོ་གསོ་སླ་བར་བཤད། ནག་ན་ཁྱེའུ་བུ་མོ་གསོ་དཀའ་བར་བཤད། ལུས་ཀྱི་གྲོགས་ཀྱི་ཁ་དམར་རྡེའུ་དཀར་ན་སྐྱེས་པ་བུད་མེད་རྒན་དང་བུད་མེད་སྐྱེས་པ་རྒན་ལ་འཕྲད་པར་བཤད། ནག་ན་ཝ་རོ་དུར་ཁྲོད་དུ་ལུས་པ་དང་མར་རྒན་ཐང་ལ་ལྷུང་དང་འདྲ་བར་བཤད། ལུས་ཀྱི་དགྲའི་ཁ་དམར་རྡེའུ་དཀར་ན་ནད་མོད་ཅིང་དབང་པོ་སྐྱོན་ཅན་འོང་། མ་ཞུ་སྐྲན་དང་དམུ་ཆུས་འཆི་ངོ་ཡོད་པར་བཤད། ནག་ན་ལུས་ལ་ནད་དང་གཅོང་མེད་པར་ཐང་པོ་འོང་བར་བཤད།
Domain རྩིས་རིག