84858

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་ཁམས་ (1)
Part of speech མིང་ཚིག
Definition ལོ་འགྲོས་དག་གི་ལུས་ཀྱི་ལྡེ་མིག་དང་དབང་ཐང་གཉིས་ཀྱི་བབས་ས་ལ་བསྟུན་ནས་འཚོལ་རྒྱུའི་འབྱུང་ཁམས་དེ་ཡིན་ཞིང་། བརྩི་བྱ་རྒན་བྱིས་གཉིས་ལ་འདི་ཉིད་གཙོ་ཆེ་བ་ཡིན། དཔེར་ན་ལྕགས་སྟག་གི་ལུས་ཁམས་འཚོལ་བར་ཆ་བཞག་ན། སྟག་གི་ལུས་ཀྱི་ལྡེ་མིག་ཆུ་ཡིན་པས། ལྡེ་མིག་ཆུ་སྐོར་འགོ་བྱས་ནས་གཡས་བསྐོར་དུ་བགྲངས་ལུགས་ལྕགས་ཆུ་མེ་ས་ཤིང་གི་གི་རིམ་ལྟར་བགྲངས་ན། དབང་ཐང་ལྕགས་ཀྱི་སྟེང་དུ་ཁེལ་བ་ཤིང་ཡིན་པས། ཤིང་དེ་བརྩི་བྱ་ལྕགས་སྟག་གི་ལུས་ཁམས་ཡིན་པ་ལྟ་བུ་ཡིན། གཞན་ཡང་ལུས་ཀྱི་ལྡེ་མིག་གིས་ལོ་འགྲོས་དེའི་དབང་ཐང་ལ་འཐབ་ནས་ལུས་ཁམས་འཚོལ་ལུགས་ཀྱང་ཡོད་དེ། དེ་ཡང་དབང་ཐང་གང་ཞིག་ལུས་ཀྱི་ལྡེ་མིག་གི་མར་འགྲོ་ན་ལུས་ཁམས་ཤིང་དང་། དགྲར་འགྲོ་ན་ལུས་ཁམས་ས། གྲོགས་སུ་འགྲོ་ན་ལུས་ཁམས་མེ། བུར་འགྲོ་ན་ལུས་ཁམས་ཆུ། ནང་ཕྲད་ཡིན་ན་ལུས་ཁམས་ལྕགས་བཅས་ཡིན་པས། གོང་གི་ལྕགས་སྟག་ལ་མཚོན་ན། དབང་ཁམས་ལྕགས་ལུས་ཀྱི་ལྡེ་མིག་ཆུའི་མ་ཡིན་པས་ལུས་ཁམས་ཤིང་ཡིན་པ་ལྟ་བུ་ཡིན། བརྩི་བྱའི་ལུས་ཁམས་དེ་ཤིང་ཡིན་ན་འགྲུལ་མང་ཞིང་ནོར་ལ་གང་སྟོངས་ཆེ། ཕ་མེས་ལྷ་གནོད་ཅིང་དོན་མི་འགྲུབ་པར་བཤད། མེ་ཡིན་ན་སྲིད་པ་སྣ་ཁྱབས་ཞེས་ཕོ་མོ་ཡུགས་སར་འབབ་པ་འོང་བར་བཤད། ས་ཡིན་ན་ཡུལ་འཕོ་བའམ་ཡུལ་གཉིས་སུ་འཛིན་པར་བཤད། ལྕགས་ཡིན་ན་དམེ་དང་འཐབ་མོར་དགའ་ཞིང་གྲི་མཚོན་གྱི་གནོད་པ་འོང་བར་བཤད། ཆུ་ཡིན་ན་ནད་མང་བས་ཆུ་གཏོར་དང་ཀླུ་གཏོར་གཏོང་དགོས་པར་བཤད།
Domain རྩིས་རིག