84880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་ནད་གསོ་བའི་མདོའི་གནས་ཀྱི་ལེའུ་སུམ་ཅུ་ (1)
Part of speech མིང་ཚིག
Definition ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས་བྱུང་བ་སྟེ། ༡ ཚེ་རིང་བར་འདོད་ན་ཉིན་རེ་ཞིང་རྟག་ཏུ་ཇི་ལྟར་བྱ་བ། ༢ ལོ་གཅིག་ཅིང་དུས་ཚིགས་ཐ་དད་པ་དྲུག་ཡོད་པ་ལ་ཁ་ཟ་ལ་སོགས་པའི་ཆོ་ག་དང༌དཔྱད་ཇི་ལྟར་བྱ་བ། ༣ རྟག་པར་བདེ་ཞིང་ནད་མེད་པར་བྱ་བ། ༤ སྐོམ་ཅི་དང་ཅི་བཏུང་བ། ༥ ཁ་ཟས་སོ་སོའི་བྱེ་བྲག་ཤེས་པར་བྱ་བ། ༦ ཁ་ཟས་དང༌། སྐོམ་ལ་སོགས་པའི་ནང་དུ་དུག་བཏབ་པ་ཐམས་ཅད་ལ་ཚོར་ཞིང་ངོས་ཟིན་པར་བྱ་བའི་ཐབས་བསྟན་ཏེ། ཟས་བསྡམ་པར་བྱ་བ་བཤད་པ། ༧ ཟས་རན་པར་བཟའ་བའི་ཚོད་གཟུང་བ་བསྟན་པ། ༨-༡༠ སྨན་སྣ་སོ་སོའི་མཐུ་དང་ཡོན་ཏན་དང་ཞུ་བའི་རྗེས་བསྟན་པ། ༡༡ སྨན་གྱི་ཁུ་བ་མདར་བ་དང༌། སྐྱུར་བ་དང༌། ཁ་བ་ལ་སོགས་པའི་བྱེ་བྲག་རོ་ལ་གནས་པ་བསྟན་པ། ༡༢ བད་ཀན་དང་རླུང་དང་མཁྲིས་པ་ལ་སོགས་པའི་ནད་ཤེས་པར་བྱ་བ། ༡༣ ནད་དེ་དག་གི་སོ་སོའི་བྱེ་བྲག་དབྱེ་བ། ༡༤ ནད་སོ་སོའི་གསོ་བའི་ཐབས་གཉིས་པ་བསྟན་པ། ༡༥ རིད་པ་དང་རྐེ་ཞིང་ཉམ་ཆུང་བ་བརྟ་བའི་ཐབས། ༡༦ སྣུམ་བག་དཔྱད་ཀྱི་ཆོ་ག་བྱ་བ། ༡༧ སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པའི་ནད་སྦྱང་བར་བྱ་བ། ༡༨ དུགས་དང་ལུམས་བྱ་བ། ༡༩ མས་བཀྲུ་ཞིང་བསལ་བ་ལ་སོགས་པས་ལུས་བརྟན་པར་བྱ་བ། ༢༠ སྣ་ནས་གཏང་བ་དང༌། སྨན་གྱི་དུད་པ་བཏང་ཞིང་བརྔུབ་པ། ༢༡ བད་ཀན་རྒྱས་སམ་སོ་འགུལ་ལམ་ན་བ་ལྟ་བུ་ལ་ཏིལ་མར་རམ་སྨན་གྱི་ཁུ་བ་ཁར་བླུགས་ཤིང་དོར་བ། ༢༢ མིག་སྨན་བླུགས་ཤིང་མིག་ནད་བཀྲུ་བ། ༢༣ མིག་ནད་བཀྲུས་ནས་མིག་གསོ་བའི་སྨན་བཏང་བ། ༢༤ མདའ་ལ་སོགས་པའི་མཚོན་གྱིས་རྨས་ཏེ་མདེའུ་ཁོང་དུ་ལུས་པ་དང༌། ཚེར་མ་ཟུག་པའམ། གྲེ་བར་སྣད་པའམ། གྲ་མ་ཆག་པ་དབྱུང་བའི་ཐབས། ༢༥ གཙགས་བུ་དང༌། གཙགས་ཁབ་ལ་སོགས་པ་སྣ་ཚོགས་ཀྱི་བྱེ་བྲག ༢༦ རྩེའི་བྱེ་བྲག༢༧ མཚོན་ཁོང་དུ་ལུས་པ་དབྱུང་བའི་ཆོ་ག ༢༨ གཏར་སྤྱད་སོ་སོས་ནད་དམིགས་གང་དང་གང་ལ་གདབ་པ། ༢༩ ཐལ་སྨན་རྣོན་པའི་སྨན་གིས་བསྐུ་བ། ༣༠ མེ་བཙའ་གདབ་པའི་ལས་བྱ་བ་བཅས་སོ། །
Domain གསོ་རིག