84895
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལུས་ཀྱི་རྣམ་པར་རིག་བྱེད་ནི་བྱེ་བྲག་ཏུ་སྨྲ་བ་འགྲོ་བ་དང་ཕྱག་འཚལ་བ་དང་སྲོག་གཅོད་པ་ལ་སོགས་པ་རྣམ་སྨིན་གྱི་ལུས་ལས་ཐ་དད་པའི་དབྱིབས་སུ་འདོད་དེ། འདི་ལྟར་རྣམ་སྨིན་གྱི་ལུས་ཉིད་ཡིན་ན་ནི་རིག་བྱེད་དགེ་མི་དགེ་མི་སྲིད་པར་འགྱུར་ཏེ། དེ་ནི་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱག་འཚལ་བ་ལ་སོགས་པའི་ཚེ་ལུས་ཀྱི་རིག་བྱེད་དབྱིབས་སུ་གྲུབ་པ་ཞིག་སྤྱི་བོའི་གཙུག་ནས་རྐང་པའི་བར་དུ་ཡོད་ལ། དེ་ནི་རིག་བྱེད་འོད་ལྟར་དང་བའི་ཕྱིར་དང་། རྣམ་སྨིན་གྱི་ལུས་ཀྱི་གསེབ་ཏུ་ཚུད་པའི་ཕྱིར་ཆེ་བར་ཡང་མི་འགྱུར་ལྕི་བར་ཡང་མི་འགྱུར་ཞེས་འདོད་དེ་ནགས་ལ་མེ་ཞུགས་པ་བཞིན་ནོ་ཞེས་ཟེར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། ཀུན་སློང་སེམས་པའི་ལས་ཀྱིས་ཀུན་ནས་བསླངས་ཤིང་རང་གི་ཀུན་སློང་གི་སེམས་གཞན་ལ་རྣམ་པར་རིག་པ་བྱེད་ནུས་ཀྱི་ལུས་ཀྱི་དབྱིབས་དེ་ལ་ལུས་ཀྱི་རིག་བྱེད་ཅེས་བྱ་སྟེ། ཕྱག་འཚལ་བ་སོགས་ལུས་ཀྱི་རྣམ་འགྱུར་འདི་ལྟར་བྱའོ་སྙམ་པའི་སེམས་པས་ཀུན་ནས་བསླངས་པའི་ཕྱག་འཚལ་བ་སོགས་ལུས་ཀྱི་རྣམ་འགྱུར་གྱི་དབྱིབས་དེ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |