84906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་རྣམ་པར་རིག་བྱེད་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། ༡ སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང། མི་ཚངས་པར་མི་སྤྱོད་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་དགེ་བའོ། ། ༢ སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་མི་དགེ་བའོ། ། ༣ ལུང་དུ་མི་སྟོན་པ་ནི། རི་མོ་འབྲི་བ་དང་བཙེམ་འདྲུབ་བྱེད་པ་ལ་སོགས་པ་བཟོའི་ལས་རྣམས་ནི་ལུས་ཀྱི་རྣམ་པར་རིག་བྱེད་ལུང་དུ་མི་སྟོན་པའོ། །
Domain ཆོས་ལུགས།