84907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་རྣམ་པར་རིག་བྱེད་ལས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ནང་གི་ཀུན་སློང་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་རིག་ཐུབ་པའི་ལུས་ལས་ཤིག་སྟེ། མཆིམས་མཛོད་ལས། ལུས་ཀྱི་རྣམ་པར་རིག་བྱེད་ནི་བྱེ་བྲག་ཏུ་སྨྲ་བ་འགྲོ་བ་དང་ཕྱག་འཚལ་བ་དང་སྲོག་གཅོད་པ་ལ་སོགས་པ་རྣམ་སྨིན་གྱི་ལུས་(དང་རྒྱས་བྱུང་གི་ལུས་)ལས་ཐ་དད་པའི་(ལུས་དེ་ལྟ་བུའི་)དབྱིབས་སུ་(རྫས་གྲུབ་ཏུ་)འདོད་དེ། འདི་ལྟར་རྣམ་སྨིན་གྱི་ལུས་ཉིད་ཡིན་ན་ནི་རིག་བྱེད་དགེ་མི་དགེ་མི་སྲིད་པར་འགྱུར་ཏེ། དེ་ནི་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱག་འཚལ་བ་ལ་སོགས་པའི་ཚེ་ལུས་ཀྱི་རིག་བྱེད་དབྱིབས་སུ་གྲུབ་པ་ཞིག་སྤྱི་བོའི་གཙུག་ནས་རྐང་པའི་བར་དུ་ཡོད་ལ་དེ་ནི་རིག་བྱེད་འོད་ལྟར་དང་བའི་ཕྱིར་དང༌། རྣམ་སྨིན་གྱི་ལུས་ཀྱི་གསེབ་ཏུ་ཚུད་པའི་ཕྱིར་ཆེ་བར་ཡང་མི་འགྱུར་ལྕི་བར་ཡང་མི་འགྱུར་ཞེས་འདོད་དེ་ནགས་ལ་མེ་ཞུགས་པ་བཞིན་ནོ་ཞེས་ཟེར་རོ། །(འོ་ན་རྣམ་སྨིན་གྱི་ལུས་ལས་རྫས་ཐ་དད་ཅིང་དེ་དང་མཉམ་པའི་རིག་བྱེད་ཀྱི་ལུས་དབྱིབས་སུ་སྐྱེ་ན་རྣམ་སྨིན་གྱི་ལུས་སྔར་བས་ཆེ་བར་འགྱུར་རོ། །རྣམ་སྨིན་གྱི་ལུས་གསེབ་དང་བཅས་པ་དེ་ལ་ཐད་ཀ་ཐད་ཀར་ཐིམ་པས་སོ་ཞེ་ན། འོ་ན་རྣམ་སྨིན་གྱི་ལུས་སྔར་བས་འཁྲེགས་ཤིང་ལྕིར་སོང་བར་ཐལ་ལོ་ཞེ་ན། རིག་བྱེད་ཀྱི་ལུས་འོད་ལྟར་དང་བས་མི་འགྱུར་ཞེས་སོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། བྱེ་བྲག་སྨྲ་བས་ལུས་ཀྱི་རིག་བྱེད་ནི་ཁ་དོག་ལས་རྫས་ཐ་དད་པའི་དབྱིབས་སུ་འདོད་པ་ནི་གཙོ་བོར་རིག་བྱེད་ཀྱི་ལས་ལ་བསམ་པ་ལས། སྤྱིར་རིག་བྱེད་ཙམ་གྱི་ངོ་བོར་གྱུར་པའི་ཁ་དོག་ཀྱང་འདོད་དམ་སྙམ་སྟེ། རིག་བྱེད་ཀྱི་གཟུགས་ཞེས་པ་ནང་གི་ཀུན་སློང་གཞན་གྱིས་རིག་པར་བྱེད་པའི་གཟུགས་ལ་བྱེད་པ་ཡིན་ན། དེ་ལ་ནི་ཁ་དོག་ཀྱང་འབྱུང་བའི་ཕྱིར་ཏེ། ལུང་ལས། བསམ་པ་ནང་ན་གནས་པ་ནི། །ཕྱི་རོལ་ན་ནི་མངོན་པར་འབྱུང༌། །སྐད་མདོག་དབང་པོའི་ཁྱད་པར་དག ། རྣམ་པར་སྦ་བར་མི་ནུས་སོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།