84918

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་ལས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་འཇིག་རྟེན་ཁམས་ཐམས་ཅད་ལུས་གཅིག་གིས་རྒྱས་པར་འགེངས་པའི་ལུས་ཀྱི་ལས། སེམས་ཅན་གྱི་ཁམས་ཐམས་ཅད་དུ་སྒོ་ཡོངས་སུ་སྟན་པའི་ལུས་ཀྱི་ལས། སྐྱེ་བ་ཐམས་ཅད་དུ་གནས་པའི་ལུས་ཀྱི་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བའི་ལུས་ཀྱི་ལས། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་ལུས་ཀྱི་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་ལག་པ་གཅིག་གིས་ཀུན་ཏུ་ཁེབས་པར་བྱེད་པའི་ལུས་ཀྱི་ལས། ཁོར་ཡུག་དང་། རྡོ་རྗེའི་རི་ཐམས་ཅད་ལག་པ་གཅིག་གིས་ཉུག་པའི་ལུས་ཀྱི་ལས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རང་གི་ལུས་འཇིག་པ་དང་། འབྱུང་བ་ཡོངས་སུ་སྟོན་པའི་ལུས་ཀྱི་ལས། སེམས་ཅན་གྱི་ཁམས་ཐམས་ཅད་ལུས་གཅིག་གིས་ཡོངས་སུ་འཛིན་པའི་ལུས་ཀྱི་ལུས། སེམས་ཅན་ཁམས་ཐམས་ཅད་ལུས་མེད་པར་ཁོང་དུ་ཆུད་པས་ཞིང་ཡོངས་སུ་དག་པ་དང་། ཡོངས་སུ་རྫོགས་པ་ཀུན་ཏུ་སྟོན་པའི་ལུས་ཀྱི་ལས་སོ། །
Domain ཆོས་ལུགས།