84919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ཚོར་བས་སེམས་ཀུན་ཏུ་མ་ཟིན་པར་འཆི་བའི་དུས་བྱེད་པ། དེ་མིག་འཁྲུལ་པར་མི་འགྱུར་བ། ལག་པ་གཡོ་བར་མི་བྱེད་པ། རྐང་པ་འཕྲ་བར་མི་བྱེད་པ། གཅིན་མི་སྟོར་བ། ཕྱི་ས་མི་འབྱུང་བ། དེའི་སྙིང་གར་རྔུལ་མི་འབྱུང་བ། ཁུ་ཚུར་མི་འཆང་བ། ནམ་མཁའ་ལ་མི་སྙེགས་པ། ཇི་ལྟར་འདུག་པ་དེ་བཞིན་དུ་ཚེའི་འདུ་བྱེད་འདོར་བར་འགྱུར་བའོ། །
Domain ཆོས་ལུགས།