84920
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རྒན་དྲུག་ཅུ་པོ་རེ་རེ་ལ་མཆིས་པའི་སྲོག་ལུས་དབང་ཀླུང་བཞི་ལས་ལུས་ཁམས་གང་ཡིན་འཚོལ་བྱེད་ཀྱི་ལྡེ་མིག་ལྟ་བུའི་སྐོར་འགོ་ལ་ཟེར་བ་ཡིན། དེ་ཡང་སྟག་ཡོས་བྱ་སྤྲེལ་བཞིའི་ལུས་ཀྱི་ལྡེ་མིག་ཆུ་དང་། གླང་ལུག་བྱི་རྟ་བཞིའི་ལུས་ཀྱི་ལྡེ་མིག་ཤིང་། ཁྱི་འབྲུག་ཕག་སྦྲུལ་བཞིའི་ལུས་ཀྱི་ལྡེ་མིག་ལྕགས་བཅས་ཡིན་པས། ལྡེ་མིག་དེ་དག་གི་སྟེང་ནས་གཡས་སྐོར་དུ་ལྕགས་ཆུ་མེ་ས་ཤིང་གི་གོ་རིམ་ལྟར་བགྲངས་ན་དབང་ཐང་སྟེང་དུ་འབབ་པའི་འབྱུང་བ་དེ་ནི་ལུས་ཁམས་ཡིན། |
| Domain | རྩིས་རིག |