84929
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ལུས་ཀྱིས་ཚུལ་བཅོས་མི་བྱ་བ། གཅིག་པུར་གནས་ཏེ་འདུག་པར་བྱ་བ། ཇི་བཞིན་པ་ལས་མ་བཅོས་པར་བག་ཚ་བ་མེད་པར་བྱ་བ། ལུས་སྤྱོད་བཅོས་བསླད་མེད་པར་སེམས་རང་ལུགས་སུ་རྣལ་མས་གནས་ཏེ་འདུག་པར་བྱ་བ། གནས་གང་དུ་གནས་པ་དེར་རྟག་ཏུ་འདུག་ནས་གནས་མ་ངེས་པའི་སྐྱོན་མེད་པར་བྱ་བ། ཡུལ་གྱི་ས་ལ་ལྷག་པར་ཆགས་ཞེན་མི་བྱ་བ། སྤྱོད་ལམ་རྣམ་བཞི་མ་བཅོས་རྣལ་མར་རང་ལུགས་སུ་གནས་པར་བྱ་བ། བཟང་བ་དང་མཛེས་པའི་རྒྱན་ཕྱིར་དུ་བཅོས་པར་མི་བྱ་བ། ལུས་སྤྱོད་ལུས་དང་འཚམས་པར་སྦྱར་ཏེ་དོན་དང་ལྡན་པར་བྱ་བ་སྟེ་སྤྱིའི་ཆ་ནས་བསྟན་པའི་རྡོ་རྗེ་ལུས་ཀྱི་སྤྱོད་པ་དགུའོ། །མཆོད་རྟེན་བརྩིགས་པ་དག་གི་ལས་ཆེད་དུ་མི་བྱ་བ། གླེགས་བམ་ཀླག་པའམ་གདོན་པར་ཡང་མི་བྱ་བ། བྲིས་སྐུ་དང་དཀྱིལ་འཁོར་གྱི་བྱ་བ་སོགས་གཟུགས་བརྙན་བརྩམ་པའི་ལས་ཀྱི་བྱ་བ་མི་བྱ་བ། དོན་ལས་གཡེང་བར་འགྱུར་བས་ལག་གི་ཕྱག་རྒྱ་མི་བཅིང་པ། ཏིང་འཛིན་ལ་སྒྲིབ་ཕྱིར་ངག་གིས་སྔགས་བཟླ་བར་མི་བྱ་བ། སུ་ལའང་ལུས་ཀྱི་ཕྱག་འཚལ་བར་མི་བྱ་བ། རྙེད་བཀུར་ཆེད་དུ་བལྟ་བར་མི་བྱ་བ། འཇིག་རྟེན་གྱི་ཁེ་སྒྲུབ་ཕྱིར་བལྟ་བར་མི་བྱ་བ། གྲགས་པ་འདོད་ཕྱིར་མི་སྤྱོད་པ་སྟེ་བྱ་བྱེད་མི་བཅོས་པར་སྤྱོད་པ་དགུའོ། །ཟས་ཕྱིར་ཆེད་དུ་གཉེར་ནས་བསྒྲུབ་པར་མི་བྱ་བ། ཉམས་བསྐྱེད་པའི་ཕྱིར་ཁ་ཟས་ཟ་ཞིང་མི་འཚོལ་བ། བསམ་པ་མི་དམིགས་པའི་དོན་དང་མ་བྲལ་བས་ཁ་ཟས་ཆེད་དུ་མ་བཅོས་པར་རྣལ་མ་ཐད་དུ་ཇི་བཞིན་བཟའ་བ། གཡོས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་བཅོས་ཤིང་བསྒྱུར་བར་མི་བྱ༵་བ། ཟས་བཟང་ངན་སྤང་ལེན་བླང་དོར་མེད་པར་བྱ་བ། གཞན་གྱི་ཁ་ཟས་རང་ལ་ཡོད་བཞིན་དུ་ལྷག་པར་ཆགས་པས་བླང་བར་མི་བྱ་བ། བསོད་སྙོམས་དང་སློང་མོས་འཚོ་བར་ཡོང་ཡེ་མི་བྱ་བ་སྟེ་ཁ་ཟས་མ་བཅོས་པར་སྤྱོད་པ་བདུན་ནོ། །ལུས་གནས་ཀྱི་རང་བཞིན་མ་གྲུབ་པའི་ཕྱིར་གནས་དེ་ཡང་ཆེད་དུ་བདེ་བར་བྱ་བ། ལུས་སེམས་ཀྱི་དངོས་པོ་ཡེ་མི་དམིགས་པ་དབེན་པ་རང་གནས་ཡིན་པ་ལ་ལུས་སུ་མཐོང་ནས་ཆེད་དུ་བཅོས་པར་མི་བྱ་བ། རི་ཕུག་སོགས་མཁར་ལེན་གྱི་བྱ་བས་གཞལ་མེད་ཁང་དུ་བཅོས་པར་མི་བྱ་བ་སྟེ་གནས་མ་བཅོས་པར་སྤྱོད་པ་གསུམ་དང་ཉེར་བརྒྱད་དོ། ། |
| Domain | ཆོས་ལུགས། |