84930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཀྱི་སྤྱོད་པ་ལེགས་པར་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྡོམ་པ་སྤྱོད་པའི་གདམས་ངག་གསུམ་གྱི་ཡ་གྱལ་ཞིག་སྟེ། དེ་ལ་ཐུན་མོང་ཐུན་མིན་གྱི་སྦྱར་ཚུལ་གཉིས་ལས། དང་པོ་ཐུན་མོང་ལྟར་སྦྱར་ན། གཟི་ལྡན་འཆར་ཁའི་འོད་སྣང་ལས། བདག་གཞན་གྱི་དོན་དུ་འགྱུར་བ་མ་ཡིན་པ་རྣམ་པར་གནོན་པས་ལུས་ཀྱི་སྤྱོད་པ་ལེགས་པར་སྤྱད་པར་བྱའོ། །ཞེས་དང་གཉིས་པ་ཐུན་མིན་ལྟར་སྦྱར་ན། དོན་དམ་པར་རིལ་རྒྱལ་བའི་མཛད་པ་ལ་ལེགས་ཉེས་བྲལ་བ་ནི། སྤྱོད་པ་ལེགས་པར་སྤྱད་པ་སྟེ། དེ་དག་ལ་སྤྱོད་པ་མི་འགོག་ཅིང་འཆིང་བར་སྤྱད་པ་མེད་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།