84942
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། རྣམ་པ་དག་པའི་ལས་སྤྱོད་སྟེ་ལུས་ཀྱིས་ཕྱག་དང་བསྐོར་བ་བྱེད་པ་སོགས་རྒྱུན་ཏུ་བླ་མ་དམ་པ་རྣམས་ཀྱི་བསླབ་བྱ་ལས་མི་འདའ་ཞིང་དགེ་བའི་ལས། ས་ཚ་དང་། མཆོད་གཏོར་ལ་སོགས་བསྒྲུབ་པ་ནི་གཉེན་པོ་སྟེ། ཀུན་འབྱུང་དབྱིངས་དག་༡༢༢ལས། ལུས་ཀྱིས་སྡིག་སྤྱོད་གཉེན་པོ་ནི། །བསྐྱེད་བསྒོམ་འཁོར་ལོ་མ་ཡེངས་བསྐོར། །ཕྱག་འཚལ་བསྐོར་བ་དུས་མེད་བྱ། །དཔོན་གསས་བྱ་བའི་ལས་དོན་བསྒྲུབ། །ས་ཚ་མཆོད་གཏོར་ལས་སོགས་དགེ་བར་འབུད། །ཅེས་གསུངས་སོ། ། |
| Domain | ཆོས་ལུགས། |