84948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་གཉིས་པ་ (1)
Part of speech མིང་ཚིག
Definition ཚོགས་བདག་སྟེ། དབང་ཕྱུག་ལ་ཆུང་མ་གཉིས་ཡོད་དེ། གང་གཱ་དང་། ཨུ་མཱའོ། །གང་གཱ་ལ་བུ་ཞིག་བྱུང་བ་དང་། ཨུ་མཱ་བལྟ་བར་སོང་བ་ན། བུ་ལ་མགོ་མེད་ཟེར་ནས་སྟོན་པར་མ་འདོད་དོ། །ཨུ་མཱ་ཁྲོས་ནས་མགོ་མེད་མར་གྱུར་ཅིག་ཅེས་སྨྲས་པས། བུ་དེའི་མགོ་མེད་སོང་། སླར་ཨུ་མཱ་ལ་གཟོད་པར་གསོལ་བས། མགོ་བྱང་ལྟའི་རོ་གང་རྙེད་ཅིག་གི་མགོ་ཆོད་ལ་སྦྱོར་ཅིག་དང་། མགོ་ཡོད་པར་འགྱུར་རོ་ཞེས་ཟེར་བས། དེར་མི་མགོ་མ་རྙེད། གླང་བོ་ཆེའི་རོ་གཅིག་དང་ཕྲད་ནས། དེའི་མགོ་བཅད་ནས་སྦྱར་པས་གླང་བོའི་མགོ་ཅན་དུ་གྱུར་ཏོ། །རང་གི་སྐུ་ལ་གླང་བོའི་མགོ་སྦྱར་པས་ལུས་གཉིས་པར་གྲགས་སོ། །
Type མངོན་བརྗོད།