84951

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་གནས་རྩའི་ཡི་གེ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལུས་གནས་རྩའི་ཡི་གེ་ནི། ཕྱོགས་བཅུའི་མུན་སེལ་ལས། རྒྱུད་སྡེ་སོ་སོར་རྩ་འདབ་འཁོར་ལོར་ཡི་གེ་གནས་ཚུལ་དུ་མ་གསུངས་ཤིང་། འདིར་ནི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཨཱོྃཨཱཿཧཱུྃ་གསུམ་དང་། སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ཡི་གེ་དང་། སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཡི་གེ་སྟེ་རིགས་བརྒྱའི་སྐུ་གསུང་ཐུགས་ཀྱི་ཡི་གེ་དང་བཅས་པས་བརྒྱ་དང་གསུམ་དུ་གསུངས་སོ། །གནས་སྐབས་སུ་འགྲོ་བ་དྲུག་གི་ས་བོན་གྱི་ཡི་གེ་མ་དག་པ་དྲུག་ནི་སྦྱང་གཞིར་བསྟན་ཏེ། ལྷ་དེ་དག་གི་ཡི་གེས་གནས་སུ་དག་པའི་ཐབས་སུ་བཤད་པའོ། །དེའང་སྤྱི་བོར་ཨ། སྨིན་མཚམས་དང་མགྲིན་པར་ཏྲི། སྙིང་གར་ནྲྀ། ལྟེ་བར་སུ། གསང་གནས་སུ་པྲེ། རྐང་མཐིལ་དུ་དུ་རྣམས་འགྲོ་བ་དྲུག་གི་ཡི་གེ་སྟེ། དེ་དག་ལ་འགྲོ་དྲུག་སོ་སོར་སྐྱེ་བའི་ལས་དང་བག་ཆགས་བརྟེན་པར་བཤད་དོ། །སྦྱང་གཞིའི་དྲུག སྦྱོང་བྱེད་བརྒྱ་དང་གསུམ་ནི་ལུས་ལ་གནས་སོ། །ཞེས་དང་། རྩའི་ཡི་གེས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟེན་བྱེད་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།