84952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གྲོང་ཁྱེར་གསུམ་གྱི་རྐྱེན་གྱིས་ལུས་གསུམ་དུ་སྣང་ཞེས་པའི་ལུས་གསུམ་སྟེ། གཟུགས་མེད་པའི་ལུས་དང། གཟུགས་ཁམས་ཀྱི་ལུས་དང། འདོད་ཁམས་ཀྱི་ལུས་བཅས་གསུམ་མོ། །གཟི་ལྡན་འཆར་ཁའི་འོད་སྣང་ལས། ལངྐའི་བདག་པོ། གྲོང་ཁྱེར་གསུམ་གྱི་རྐྱེན་གྱིས་ལུས་གསུམ་དུ་བསྟན་པ་ནི། གང་ཞེ་ན། ཏིང་ངེ་འཛིན་གྱི་ལུས་ལ་གནས་པས་སྣང་བའི་དངོས་པོ་དང་བྲལ་བ་གཟུགས་མེད་པ་ཡི་ལུས་དང༌། ཤིན་ཏུ་གཟུགས་བྱད་དང་ལྡན་པས་ལུས་རགས་པར་སྣང་བ་གཟུགས་ཁམས་ཀྱི་ལུས་དང༌། དེ་གཉིས་ནི་བརྫུས་ནས་སྐྱེ་བའི་ཆའོ། །ཕོ་དང་མོ་ཡི་མཚན་དང་ལྡན་པ་དང༌། མ་ནིང་ཞེས་བྱ་བ་འགྱུར་བག་ཅན་དང༌། མཚན་པོ་ཆེ་དང༌། རླུགས་པ་དག་ཏུ་སྣང་བ་ནི་འདོད་ཁམས་ཀྱི་ལུས་ཏེ་གསུམ་དུ་སྣང་ངོ༌། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |