84974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཉེ་བར་ལེན་པ་མི་རུང་བའི་གཏན་ཚིགས་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུས་པ་བཤད་པ་ལས་བྱུང་བ་སྟེ། འདི་ལྟར་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ནི་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་ད་ལྟར་གྱི་རྐྱེན་གྱི་རྒྱུ་ལས་བྱུང་བ་སྟེ། ཇི་སྐད་དུ། དབང་པོ་དང༌། ཡུལ་དང༌། དེ་སྐྱེད་པའི་ཡིད་ལ་བྱེད་པའི་དབང་གིས་རྣམ་པར་ཤེས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། འདི་ནི་གཏན་ཚིགས་དང་པོའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དགེ་བ་དང་མི་དགེ་བར་དམིགས་པ་སྟེ། འདི་ནི་གཏན་ཚིགས་གཉིས་སོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་རྣམས་ལ་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པས་བསྡུས་པར་འགྱུར་བ་གང་ཡིན་པའི་རྣམ་པ་མི་དམིགས་ཏེ། འདི་ནི་གཏན་ཚིགས་གསུམ་པའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་འབྱུང་བ་ནི་གནས་སོ་སོར་ངེས་པ་སྟེ། གནས་གང་དང་གང་ལས་རྣམ་པར་ཤེས་པ་གང་དང་གང་འབྱུང་བ་དེ་དང་དེ་ནི་དེར་ཟིན་པར་འགྱུར་གྱི། ལྷག་མ་ནི་མ་ཟིན་པར་འགྱུར་ཏེ་མི་རུང་ངོ་། །ཟིན་པར་ཡང་མི་རུང་སྟེ་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །འདི་ནི་གཏན་ཚིགས་བཞི་པའོ། །ཡང་དང་ཡང་ལུས་འཛིན་པའི་ཉེས་པར་ཡང་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་རེས་འགའ་ནི་འབྱུང༌། རེས་འགའ་ནི་མི་འབྱུང་ངོ་། །ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། འདི་ནི་གཏན་ཚིགས་ལྔ་པའོ། །
Domain ཆོས་ལུགས།