85000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་དྲན་པ་ཉེར་བཞག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཕྱི་ནང་གི་ལུས་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། ལུས་དྲན་པ་ཉེར་བཞག་གི་མཚན་ཉིད་དོ། །ས་མཚམས་ནི། ཉན་ཐོས་ཀྱི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།
ལུས་དྲན་པ་ཉེར་བཞག་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལུས་དྲན་པ་ཉེ་བར་བཞག་པ་ནི། འོད་གསལ་སྙིང་པོ་ལས། དེ་ཡང་དང་པོར་རང་གཞན་གྱི་ལུས་ལ་སོགས་པར་དཀྱིལ་འཁོར་གྱི་འཁོར་ལོར་ཡེ་ནས་དག་པ་བཞིན་དུ་སྒོམ་ཞིང་། དེ་ཡང་སྟོང་ཉིད་སྤྲོས་བྲལ་མཉམ་པ་ཆེན་པོ་དང་ཟུང་དུ་འཇུག་པའི་ཚུལ་ལ་བློ་བཞག་པ་ནི་ལུས་དྲན་པ་ཉེ་བར་བཞག་པ། ཞེས་གསུངས་སོ། །