85012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་འགྲོ་བ་ཐམས་ཅད་དུ་བྱུང་བ་མེད་པས། བྱང་ཆུབ་སེམས་དཔའི་ལུས་ནི་འོངས་པ་མེད་པའོ། །འགྲོ་བ་ཐམས་ཅད་དུ་མི་དམིགས་པ་མེད་པས། བྱང་ཆུབ་སེམས་དཔའི་ལུས་ནི་འོངས་པའོ། །འཇིག་རྟེན་ཐམས་ཅད་ཀྱིས་དམིགས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ནི་བདེན་པ་མ་ཡིན། འཇིག་རྟེན་གྱི་བདེན་པ་རྣམ་པར་དམིགས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ནི་རྫུན་མ་ཡིན་པའོ། །ཕྱི་མའི་མཐུའི་མུར་རྒྱུན་མི་འཆད་པས། བྱང་ཆུབ་སེམས་དཔའི་ལུས་ནི་རྒྱུན་མི་ཟད་པའོ། །བདུད་ཐམས་ཅད་ཀྱིས་མི་ཤིགས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ནི་བརྟན་པའོ། །བདུད་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་སྒུལ་བས། བྱང་ཆུབ་སེམས་དཔའི་ལས་ནི་སྲ་བའོ། །བསོད་ནམས་བརྒྱ་པའི་མཚན་གྱིས་ཤིན་ཏུ་རྣམ་པར་དག་པར་སྣང་བས། བྱང་ཆུབ་སེམས་དཔའི་ལུས་ནི་མཚན་བཟང་པོ་དང་ལྡན་པའོ། །ཆོས་ཀྱི་མཚན་ཉིད་མེད་པའི་མཐར་ཐུག་པས། བྱང་ཆུབ་སེམས་དཔའི་ལུས་ནི་མཚན་ཉིད་མེད་པའོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་མཉམ་པ་ཉིད་ཐོབ་པས་བྱང་ཆུབ་སེམས་དཔའི་ལུས་ནི་ཀུན་ཏུ་སོང་བའོ། །
Domain ཆོས་ལུགས།
ལུས་བཅུ་ (2)
Part of speech མིང་ཚིག
Definition འདི་ལྟར་མི་ཡོངས་སུ་སྨིན་པར་བྱ་བའི་མིའི་ལུས། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་གདུལ་བའི་ཕྱིར་མི་མ་ཡིན་པའི་ལུས། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་གདུལ་བའི་ཕྱིར་ལྷའི་ལུས། སློབ་པའི་ས་བསྟན་པའི་ཕྱིར་སློབ་པའི་ལུས། མི་སློབ་པའི་ས་སྟོན་པའི་ཕྱིར་མི་སློབ་པའི་ལུས། རང་སངས་རྒྱས་ཀྱི་སར་གདུལ་བའི་ཕྱིར་རང་སངས་རྒྱས་ཀྱི་ལུས། ཐེག་པ་ཆེན་པོ་ལ་ཡང་དག་པར་འབྱུང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ལུས། དབང་བསྐུར་བའི་ཡེ་ཤེས་འཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ། མངོན་པར་བསྒྲུབས་པ་ལ་མཁས་པར་བྱ་བའི་ཕྱིར་ཡིད་ཀྱི་རང་བཞིན་གྱི་ལུས། ཟག་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་བྱ་བས་ལུས་ཐམས་ཅད་ཡོངས་སུ་བསྟན་པའི་ཕྱིར་ཆོས་ཀྱི་ལུས་སོ། །