From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལུས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཟག་པ་དང་བཅས་པའི་ལུས་ཤ་ཁྲག་གི་གདོས་བཅས་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་དང་། ཟག་པ་མེད་པའི་ལུས་ཡེ་ཤེས་ཀྱི་ལུས་དང་བཞིའོ། །གདོས་བཅས་ཀྱི་ལུས་ནི་འབྱུང་བཞི་ཤ་ཁྲག་ལས་གྲུབ་པའི་ཤི་ཙ་ན་འཇོག་པ་ཡིན། ཟག་པ་ནི་ཉོན་མོངས་པའི་ལུས་སུ་བཟུང་བའི། ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་ནི། ངའི་ལུས་སྙམ་དུ་ཡིད་ཀྱིས་འཛིན་པའོ། །ཤི་ནས་བར་དོ་འཁྱམས་པའི་དུས་ན་ཡང་ངའི་ལུས་སྙམ་དུ་ཡོད་དུ་ཡོན་ཏན་པས་བར་དོོའི་ལུས་ཀྱང་ལེན་པའོ། །ཟག་པ་ནི་ང་ཡི་ལུས་སྙམ་དུ་ཞེན་ཅིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱི་གང་དུ་ཡང་མ་དམིགས་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ལུས་ལ་གཉིས། ་ཡེ་ཤེས་ཀྱི་ལུས་ལ་ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ལུས་དང་། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །
|
| Domain
|
ཆོས་ལུགས།
|
ལུས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
རྫོགས་ཆེན། རྙིང་མ། ལུས་བཞི་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ལུས་ལ་བཞི་སྟེ། ཡེ་ཤེས་ཀྱི་ལུས་དང་། རྨི་ལམ་གྱི་ལུས་དང་། ཡིད་ཀྱི་ལུས་དང་། རྣམ་པར་སྨིན་པའི་ལུས་དང་བཞིའོ། །ཡང་ན། འགྲེལ་པ་འདིའི་གཞུང་གི་ལུས་བཞི་སྟེ། འོད་ཀྱི་ལུས་དང་། བག་ཆགས་ཀྱི་ལུས་དང་། རིག་པའི་ལུས་དང་། ཤ་ཁྲག་གི་ལུས་དང་བཞིའོ། །ཞེས་གསུངས་སོ། །
|