85044

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་མེད་ (1)
Part of speech མིང་ཚིག
Definition ནམ་མཁའ་སྟེ། ལུས་ཀྱི་ཁམས་མེད་པས་ནའོ། །
Type མངོན་བརྗོད།
ལུས་མེད་ (2)
Part of speech མིང་ཚིག
Definition ཁྱབ་འཇུག་གི་བུ་འདོད་ལྷ་སྟེ། ལྷ་དབང་ཕྱུག་རི་བོ་ཏི་སེ་ན་གཽ་རིས་མཆོད་ཅིང་དཀའ་ཐུབ་ལ་གནས་པའི་ཚེ། ལྷ་རྣམས་ཐེ་ཚོམ་དུ་གྱུར་ཏེ། གཽ་རི་དང་ལྷན་ཅིག་དཀའ་ཐུབ་བྱེད་པ་བདེན་ནམ་ཟེར་ནས། འདོད་ལྷ་བལྟ་བར་བཏང་བ་དང་། འདོད་ལྷས་མདའ་ལྔ་རིམ་གྱིས་འཕངས་ཏེ། དང་པོ་དང་གཉིས་པ་ལ་རྟོག་པ་ཙམ་ཡང་མ་བྱུང་། གསུམ་པ་དང་བཞི་བ་ལ་རྟོག་པ་ཙམ་དུ་གྱུར། ལྔ་པ་ཕོག་པས། གཽ་རི་དང་ལྷན་ཅིག་གནས་པའི་དཀའ་ཐུབ་ཞིག་གོ ། དེའི་སྐད་ཅིག་ཕྱི་མ་ལ་འགྱོད་ནས་ཅི་ཉེས་སྙམ་དུ་བསམས་པས། འདོད་ལྷས་ཉེས་པར་ཤེས་ནས། མིག་གསུམ་ནས་མེ་ཕྱུང་སྟེ་འདོད་པའི་ལྷ་བསྲེགས་སོ། །དེ་ནས་འདོད་པ་གཏན་ནས་མེད་ན། སྐྱེ་བ་ལེན་རྒྱུ་མེད་པས་ལུས་མེད་པའི་སེམས་ཅན་དུ་བྱས་ནས་ལུས་མེད་ཅེས་ཐོགས།