85051
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གོ་གཉིས་པ་ཡིན། བརྗོད་བྱ་ནི། དགག་སྒྲུབ་གཉིས་ཀྱི་དམ་ཚིག དགག་སྒྲུབ་གཉིས་མེད་ཀྱི་དམ་ཚིག་གསུམ་དང་། འཁོར་འདས་གཉིས་ཀྱི་དམ་རྫས་གཉིས། ཀུན་ཏུ་བཟང་པོའི་སྤྱོད་པ་བཞི་སྟེ་སྡེ་ཚན་དང་པོ་བཞི་དང་། སྨིན་ལམ་དབང་གི་མཐོང་དབྱེ། གྲོལ་ལམ་ཐབས་ཀྱི་སྒྲོན་མེ། རིག་པ་ཡེ་ཤེས་ཀྱི་སྒྲོན་མེ། རང་གྲོལ་ཕྱག་རྒྱ་ཆེན་མོ། རོ་སྙོམས་ཕྱག་རྒྱ་ཆེན་མོ། བཅས་སྡེ་ཚན་ཕྱི་མ་ལྔ་སྟེ་དགུའི་དམིགས་སྐོར་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ལུས་མེད་མཁའ་འགྲོ་མ། །ཏཻ་ལོ་ནཱ་རོ་དྲི་མེད་བཤེས་གཉེན་ཞབས། །རས་ཆུང་རྡོར་གྲགས་ཁྱུང་ཚང་ཡེ་ཤེས་བླ། །མ་གཅིག་ཨང་ཅོ་ཞང་ལོ་བྱང་ཆུབ་འོད། །འགྲོ་མགོན་དྷ་ར་བྱང་སེམས་བསོད་རྒྱལ་མཚན། །ཀུན་ལྡན་རས་པ་གཟི་བརྗིད་རྒྱལ་མཚན་དང་། །རིན་ཆེན་རྒྱ་མཚོ་སློབ་དཔོན་ཆོས་གྲགས་པ། །བྱང་ཆུབ་བཟང་པོ་རབ་འབྱོར་སེང་གེ་དང་། །ཆོས་གྲུབ་སེང་གེ་ལོ་ཙཱ་རིན་ཆེན་བཟང་། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་ཀྱི་ཁྲིད་ལྟར་དང་ ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡིག་རྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |