From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལུས་ཚད་ (1)
| Part of speech
|
མིང་ཚིག
|
| Definition
|
གཟུགས་པོའི་ཆེ་ཆུང་གི་ཚད་དེ།
|
| Example
|
ལུས་ཚད་རིང་ཐུང་ལ་ལྟོས་ཏེ་གྱོན་ཆས་བཟོ་ལྟ་བུ།
|
ལུས་ཚད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། དང་པོོ་ལ་ངེས་པ་ཅན་གྱི་ལུས་ཚད་ནི་འདོད་པའི་མཐོ་རིས་ཀྱི་གནས་བཅུ་དང་། གཟུགས་ཁམས་གནས་རིགས་བཅུ་བདུན་ན་གནས་པའི་ལྷ་རྣམས་ལ་ཡོད་ལ། ངན་སོང་བ་རྣམས་ཀྱི་ལུས་ཚད་མཐའ་གཅིག་ཏུ་མ་ངེས་པས་འདིར་མ་བཤད། གླིང་བཞིའི་མིའི་ལུས་ཚད་ཡོད་དེ། འཛམ་བུ་གླིང་པའི་མིའི་ལུས་ལ་རང་གི་ཁྲུ་བཞི་དང་། ཕལ་ཆེར་ལ་ཁྲུ་ཕྱེད་དང་བཞི་ཡོད་ཅིང། ལུས་འཕགས་པོའི་མི་རྣམས་ཀྱི་ལུས་ལ་ཁྲུ་བརྒྱད། བ་ལང་སྤྱོད་པའི་མི་རྣམས་ཀྱི་ལུས་ལ་ཁྲུ་བཅུ་དྲུག སྒྲ་མི་སྙན་པའི་མི་རྣམས་ཀྱི་ལུས་ལ་ཁྲུ་སོ་གཉིས་ཡོད་པའི་ཕྱིར། འདོད་ལྷ་དྲུག་གི་ལུས་ཚད་ཡོད་དེ། རྒྱལ་ཆེན་རིགས་བཞི་པ་རྣམས་ཀྱི་ལུས་ལ་རྒྱང་གྲགས་གཅིག་གི་བཞི་ཆ་ཡོད་པ་ནས་རྒྱང་གྲགས་གཅིག་གི་བཞི་ཆ་རེ་རེ་བསྐྱེད་ནས་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ལུས་ལ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར་དུ་ཡོད་པའི་ཕྱིར། གཟུགས་ཁམས་པའི་ལྷ་རྣམས་ཀྱི་ལུས་ཚད་ཡོད་དེ། ཚངས་རིས་པ་རྣམས་ཀྱི་ལུས་ལ་དཔག་ཚད་ཕྱེད། ཚངས་པ་མདུན་ན་འདོན་པ་རྣམས་ལ་དཔག་ཚད་གཅིག ཚངས་ཆེན་པ་རྣམས་ལ་དཔག་ཚད་ཕྱེད་དང་གཉིས། འོད་ཆུང་པ་རྣམས་ལ་དཔག་ཚད་གཉིས། དེའི་ལྷག་ཚད་མེད་འོད་ཡན་ཆད་ལ་འོག་མ་འོག་མ་ལས་ཉིས་འགྱུར་དུ་བསྐྱེད་པ་སྤྲིན་མེད་པ་དཔག་ཚད་བརྒྱ་དང་ཉེར་བརྒྱད་དུ་འགྱུར་རྒྱུ་ལས་གསུམ་དོར་བས་དཔག་ཚད་བརྒྱ་དང་ཉེར་ལྔ། དེ་ཡན་ཆད་འོག་མ་ལས་གོང་མ་ཉིས་འགྱུར་དུ་བསྒྱུར་བས་འོག་མིན་པ་ལ་དཔག་ཚད་ཁྲི་དང་དྲུག་སྟོང་ཡོད་པའི་ཕྱིར།
|
| Domain
|
ཆོས་ལུགས།
|