85069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་འདི་བོར་ནས་བླ་མེད་རྫོགས་བྱང་བར་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་བྱུང་བ་སྟེ། ༡ དགེ་བ་དང་། མི་དགེ་བའི་ཆོས་ལ་ཤིན་ཏུ་རྟོགས་པ། ༢ དྲན་པ་དང་། ཤེས་རབ་ཕུལ་དུ་གྱུར་པ། ༣ སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་སྤངས་པ། ༤ ནམ་དུའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲན་པ་མ་ཉམས་པའོ། །
Domain ཆོས་ལུགས།
ལུས་འདི་བོར་ནས་བླ་མེད་རྫོགས་བྱང་བར་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་བའི་ཆོས་བཞི་ (2)
Part of speech མིང་ཚིག
Definition དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་ནན་ཏན་བྱེད་པ། རྣམ་པར་འབྱེད་པའི་ཤེས་རབ་ལ་ཤིན་ཏུ་ནན་ཏན་བྱེད་པ། ཏིང་ངེ་འཛིན་རྣམས་ཀྱི་ཐོག་མར་ཤེས་རབ་གཏོང་བ། ངེས་པའི་ཤེས་རབ་ཁོང་དུ་ཆུད་པའོ། །
ལུས་འདི་བོར་ནས་བླ་མེད་རྫོགས་བྱང་བར་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་བའི་ཆོས་བཞི་ (3)
Part of speech མིང་ཚིག
Definition གཟུངས་ཀྱི་སྒོ་ཐོབ་པ། མ་སྐྱེས་པའི་ཡེ་ཤེས་སྒོམ་པ། ཟད་པའི་ཡེ་ཤེས་ལ་འཇུག་པ། འགོག་པའི་ཡེ་ཤེས་རྟོགས་པར་བྱ་བའོ། །
ལུས་འདི་བོར་ནས་བླ་མེད་རྫོགས་བྱང་བར་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་བའི་ཆོས་བཞི་ (4)
Part of speech མིང་ཚིག
Definition བྱམས་སྡང་མེད་པར་བྱ་བ། འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་མི་ཆགས་པ། འདུས་མ་བྱས་པའི་ཡེ་ཤེས་རྟོགས་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཕྱིན་པར་བྱེད་པའོ། །