85093
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་རྩིས་སྐབས་ཀྱི་བརྒྱ་འདྲེའི་རྡེའུ་བརྒྱ་ཕྲག་གཅིག་གི་ནང་གསེས་ཤིག་ཉེར་ལྔ་སྟེ། བརྩི་བྱ་དག་གི་རང་ལོའི་ལུས་ཁམས་རང་མ་བུ་གྲོགས་དགྲ་ལྔར་ཕྱེས་ཤིང་། དེ་རེ་རེ་ཡིས་སོ་སོའི་མི་འགྱུར་ཀླུང་ལྔའི་ཕ་མ་རང་གསུམ་གྱི་ཀླུང་གི་ལུས་དངོས་དང་། མ་ཀླུང་སྤར་སྨེ་གཉིས་ཀྱི་ཁམས་དངོས་བཅས་ལྔ་ལ་འཐབ་པའི་འཐབ་རྡེལ་ཉེར་ལྔ་ལ་ཟེར་བ་ཡིན། རྡེའུ་དེ་དག་ལས་རང་མ་བུ་གྲོགས་བཞིའི་འཐབ་རྡེལ་དཀར་ན་བཟང་བ་དང་། དགྲའི་འཐབ་རྡེལ་ནག་ན་བཟང་བར་བཤད་ཀྱང་། བརྩི་བྱ་བུད་མེད་ཡིན་ན་ལུས་ཀྱི་དགྲ་གྲོགས་ལྡོག་དགོས་པར་གསུངས་པས། དགྲ་རྡེལ་དཀར་ཞིང་ལུས་རྡེལ་ནག་ན་བཟང་བ་ཡིན། |
| Domain | རྩིས་རིག |