85106
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ༡ བྱིས་པ་དེ་དག་ནི་གསོད་པ་སྟེ། གསད་པའི་གནས་སུ་གསད་པར་བྱ་བ་གསོད་པ་དང་མཚུངས་སོ། །༢ བྱིས་པ་དེ་དག་ནི་ཆགས་པ་སྟེ། ངན་སྐྱག་གིས་གང་བའི་སྣོད་རི་མོ་ཅན་རྣམས་ལ་མི་མཁས་པ་ཆགས་པ་དང་མཚུངས་སོ། །༣ བྱིས་པ་དེ་དག་ནི་འབྱིང་བ་སྟེ། གླང་པོ་ཆེ་ཆུར་བྱིང་བ་དང་མཚུངས་སོ། །༤ བྱིས་པ་དེ་དག་ནི་བཙས་པ་སྟེ། བཙོན་རའི་ནང་གི་བཙོན་བཙས་པ་དང་མཚུངས་སོ། །༥ བྱིས་པ་དེ་དག་ནི་མངོན་པར་དགའ་བ་སྟེ། ཕག་མི་གཙང་བ་ལ་དགའ་བ་དང་མཚུངས་སོ། །༦ བྱིས་པ་དེ་དག་ནི་ཆགས་པ་སྟེ། ཁྱི་ཀེང་རུས་ལ་ཆགས་པ་དང་མཚུངས་སོ། །༧ བྱིས་པ་དེ་དག་ནི་རབ་ཏུ་ལྷུང་བ་སྟེ། ཕྱེ་མ་ལེབ་མར་མེའི་མེ་ལྕེར་ལྷུང་བ་དང་མཚུངས་སོ། །༨ བྱིས་པ་དེ་དག་ནི་ཐོགས་པ་སྟེ། སྤྲེའུ་རྙོང་ལ་ཐོགས་པ་དང་མཚུངས་སོ། །༩ བྱིས་པ་དེ་དག་ནི་ཡོངས་སུ་བཟུང་བ་སྟེ། ཉ་རྒྱས་ཟིན་པ་དང་མཚུངས་སོ། །༡༠ བྱིས་པ་དེ་དག་ནི་ཡོངས་སུ་གཏུབས་པ་སྟེ། ཤ་ཚོང་གི་གནས་ཀྱི་ལུག་དང་མཚུངས་སོ། །༡༡ བྱིས་པ་དེ་དག་ནི་བཙུགས་པ་སྟེ། སྡིག་པ་བྱེད་པ་གསལ་ཤིང་གི་རྩེ་མོ་ལ་བཙུགས་པ་དང་མཚུངས་སོ། །༡༢ བྱིས་པ་དེ་དག་ནི་འདམ་དུ་འབྱིང་ཞིང་ཐོགས་པ་སྟེ། གླང་པོ་ཆེ་རྒན་པོ་འདམ་དུ་སོང་བ་དང་མཚུངས་སོ། །༡༣ བྱིས་པ་དེ་དག་ནི་ཕོངས་པ་སྟེ། རྒྱ་མཚོ་ཆེན་པོར་གྲུའི་སྣམ་བུ་ཞིག་པ་དང་མཚུངས་སོ། །༡༤ བྱིས་པ་དེ་དག་ནི་རབ་ཏུ་ལྷུང་པ་སྟེ། དམུས་ལོང་གཡང་ས་ཆེན་པོར་ལྷུང་བ་དང་མཚུངས་སོ། །༡༥ བྱིས་པ་དེ་དག་ནི་ཡོངས་སུ་ཟད་པར་འགྱུར་བ་སྟེ། སའི་སྟེང་གི་མཚམས་སུ་སོང་བའི་ཆུ་དང་མཚུངས་སོ། །༡༦ བྱིས་པ་དེ་དག་ནི་དུ་བ་ཐུལ་པ་སྟེ། བསྐལ་པ་ཟད་པའི་ས་ཆེན་པོ་དང་མཚུངས་སོ། །༡༧ བྱིས་པ་དེ་དག་ནི་འཁོར་བ་སྟེ། རྫ་མཁན་གྱི་འཁོར་ལོའི་ཤུགས་དང་མཚུངས་སོ། །༡༨ བྱིས་པ་དེ་དག་ནི་འབྲོག་རྩོལ་བ་སྟེ། དམུས་ལོང་རི་ལ་ཕྱིན་པ་དང་མཚུངས་སོ། །༡༩ བྱིས་པ་དེ་དག་ནི་བཏགས་ཤིང་འཁོར་བ་སྟེ། ཁྱི་ལྟོང་གིས་བཏགས་པ་དང་མཚུངས་སོ། །༢༠ བྱིས་པ་དེ་དག་ནི་རྙིད་པ་སྟེ། དཔྱིད་ཀྱི་རྩྭ་དང་ནགས་ཚལ་དང་མཚུངས་སོ། །༢༡ བྱིས་པ་དེ་དག་ནི་ཡོངས་སུ་ཉམས་པ་སྟེ། མར་གྱི་ངོའི་ཟླ་བ་དང་མཚུངས་སོ། །༢༢ འདི་དག་ནི་བྱིས་པ་རྣམས་ལ་ཟ་བ་སྟེ། ཀླུ་ལ་ནམ་མཁའ་ལྡིང་དང་མཚུངས་སོ། །༢༣ འདི་དག་ནི་བྱིས་པ་རྣམས་ལ་འཆའ་བ་སྟེ། གྲུ་བོ་ཆེ་ལ་ཆུ་སྲིན་ཆེན་པོ་དང་མཚུངས་སོ། །༢༤ འདི་དག་ནི་བྱིས་པ་རྣམས་ལ་འཇོམས་པ་སྟེ། མགྲོན་པོ་ལ་ཆོམ་པོ་མང་པོ་དང་མཚུངས་སོ། །༢༥ འདི་དག་ནི་བྱིས་པ་རྣམས་ལ་འཇིག་པ་སྟེ། ཤིང་སཱ་ལ་ལ་རླུང་དམར་ཆེན་པོ་དང་མཚུངས་སོ། །༢༦ འདི་དག་ནི་བྱིས་པ་རྣམས་ལ་གསོད་པ་སྟེ། སྐྱེ་བོ་ལ་སྦྲུལ་མིག་གདུག་པ་དང་མཚུངས་སོ། །༢༧ བྱིས་པ་རྣམས་ནི་རོ་མྱང་བའི་འདུ་ཤེས་ཀྱིས་ཆོད་པ་སྟེ། རལ་གྲིའི་སོ་སྦྲང་རྩིས་བསྐུས་པས་ཆོད་པ་བཞིན་ནོ། །༢༨ འདི་དག་ནི་བྱིས་པ་རྣམས་ཁྱེར་བ་སྟེ། ཤིང་གི་ཕུང་པོ་ཆུ་བོའི་ཆུས་ཁྱེར་བ་དང་མཚུངས་སོ། །༢༩ འདི་དག་ནི་བྱིས་པ་རྣམས་ལ་རྩེན་པ་སྟེ། བྱིས་པ་ཆུང་ངུ་རང་གི་གཅིན་རྟུག་ལ་རྩེ་བ་དང་མཚུངས་སོ། །༣༠ འདི་དག་ནི་བྱིས་པ་རྣམས་ཀུན་ཏུ་སྒྱུར་བ་སྟེ། གླང་པོ་ཆེ་ལ་ལྕགས་ཀྱུ་དང་མཚུངས་སོ། །༣༡ འདི་དག་ནི་བྱིས་པ་རྣམས་ལ་སླུ་བ་སྟེ། གྱོན་ཅན་གྱིས་བྱིས་པའི་རང་བཞིན་ཅན་དག་བྲིད་པ་བཞིན་ནོ། །༣༢ འདི་དག་ནི་བྱིས་པ་དེ་དག་གི་དགེ་བའི་རྩ་བ་ཟད་པར་བྱེད་པ་སྟེ། རྒྱན་པོ་ལ་དགའ་བའི་ནོར་དང་མཚུངས་སོ། །འདི་དག་གིས་བྱིས་པ་རྣམས་ལ་འཆོས་པ་སྟེ། སྲིན་མོ་རྣམས་ཀྱིས་ཚོང་པ་འཆོས་པ་དང་མཚུངས་སོ། །བྱང་ཆུབ་སེམས་དཔའ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བཙུན་མོའི་འཁོར་ལ་ཡོངས་སུ་བརྟག་པ་བྱས་ནས་ལུས་ལ་མི་གཙང་བའི་འདུ་ཤེས་རྣམ་པར་སྒོམ་པའོ། ། |
Domain | ཆོས་ལུགས། |
{{#arraymap:ལུས་ལ་མི་གཙང་བའི་འདུ་ཤེས་རྣམ་པར་སྒོམ་པ་སུམ་ཅུ་སོ་གཉིས་
|; |@@@ | | }}