85191

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེ་ལོར་མི་འཇོག་གནད་ཀྱི་ཆོས་དྲུག་ (1)
Part of speech མིང་ཚིག
Definition དབེན་གནས་བས་མཐར་བཙལ་འདོད་ཕྱི་ཐལ་འགྲོ། །སེམས་ལ་གཟུང་འཛིན་དབེན་པར་བྱ་བ་གནད། །གདམས་ངག་ཚིག་ལས་བཙལ་འདོད་ཕྱི་ཐལ་འགྲོ། །ཐབས་ལམ་ཉམས་ལེན་ཟབ་མོ་བཙལ་བ་གནད། །འཚོ་བ་གསོག་བྲུན་ལྟོས་པ་ཕྱི་ཐལ་འགྲོ། །གང་བྱུང་ཆོག་ཤེས་བྱ་འཚོ་བསླབ་པ་གནད། །སྒོམ་སྒྲུབ་བྲེལ་ཤོམ་རྗེས་བྱེད་ཕྱི་ཐལ་འགྲོ། །བྱ་བྱེད་རྩོལ་འཕྲོ་བོར་ནས་བྱེད་པ་གནད། །ཉམས་རྟོགས་བསགས་སྦྱོང་བསྐྱལ་ཏེ་ཕྱི་ཐལ་འགྲོ། །ཟབ་མོ་གནད་བསྣུན་བཙན་ཐབས་བསྐྱེད་པ་གནད། །ས་ལམ་རིམ་གྱིས་འཚོལ་བ་ཕྱི་ཐལ་འགྲོ། །སེམས་ཉིད་སྐུ་གསུམ་བརྟན་ཞིང་གོམས་པ་གནད། །ཉམས་སུ་བླངས་ན་སངས་རྒྱས་བྱང་ཆུབ་འགྲུབ། །ཅེས་སོ། །
Domain ཆོས་ལུགས།