85245
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། དགེ་བར་འདུན་པའི་རྣལ་འབྱོར་ཡང་ཟེར། ས་དང་པོ་འགྱུར་བ་མ་ངེས་པའི་སར་རྣལ་འབྱོར་དྲུག་ཐོབ་པའི་མཐའ་མ་ཡིན། འདི་ནི་གསང་སྔགས་ལ་སོམ་ཉི་དང་ཐེ་ཚོམ་གྱི་དྲི་མ་དང་བྲལ་བས་ལེགས་པར་འདུན་པར་བྱེད་ཅིང་ལྷ་སྒོམ་པ་དང་མཚན་མེད་སྐབས་ཆོས་ཉིད་མི་རྟོག་པའི་སྤྱིའི་རྣམ་པ་ཙམ་ལ་གནས་པ་ལ་སྐྱོན་མེད་པས་ལེགས་པར་འདུན་པའི་རྣལ་འབྱོར་ཞེས་བྱ་དཔེ་ནི་མར་མེ་ལྟ་བུའོ། །ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷ་སྒོམ་སྐབས། ཉམས་མཐར་ཕྱིན་པའི་ཏིང་ངེ་འཛིན་ལ་སྐྱོན་མེད་པའོ། །ཉམས་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་དང་འཕྲོ་འདུ་ནི་དབུགས་ཀྱི་བསྙེགས་ཚད་དུ་བྱེད། ཁྱོན་ནི་ཁྲུ་བཞི་སྟེ་རང་གི་ལུས་པོ་ཙམ་དུ་སྒོམ། གྲངས་ནི་ལྷ་གཅིག རྣམ་པའི་ཁྱད་པར་ནི་རྟོག་པའི་ལྷའོ། །མཚན་མེད་ཆོས་ཉིད་སྒོམ་སྐབས་གཡོ་བ་བྱང་ཆུབ་ཀྱི་སེམས་དཔེ་སྐར་མ་རབ་རིབ་ལྟར་འཆར་ལ། ལྟ་བ་ནི་གསང་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་མིང་ཙམ་དུ་འཛིན་པ་དང༌། སྒོམ་པ་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་དང༌། སྤྱོད་པ་ནི་བསོད་ནམས་ཀྱི་དཔུང་གིས་རྣམ་པར་དཀར་བའི་སྤྱོད་པའོ། །ཉམས་དང་རྣལ་འབྱོར་ཕྲ་མོ་ཀུན་མཚན་བཅས་ཀྱི་སྐབས་དང་ཐུན་མོང་ཡིན་པར་གསུངས་སོ། ། |
| Domain | ཆོས་ལུགས། |