85264
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར་ཞེས་པའི་བོད་ཀྱི་མེས་པོའི་བསྟན་པ་དང་ཤེས་རིག་གི་བྱུང་ཁུངས་བསྟན་པའི་ལོ་རྒྱུས་ཀྱི་དེབ་ཞིག་སྟེ། ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་(༡༨༥༨-༡༩༣༣)་མཆོག་ཉིད་དགོངས་ལོ་རེ་གསུམ་ཐོག། སྟོན་པའི་སྒྲོན་མེ་གཤེན་རབ་མི་བོ་མཆོག་འཇིག་རྟེན་དུ་བྱོན་ནས་བགྲང་བྱ་(༡༧༩༣༨)་པ་ཆུ་ཕོ་ཁྱི་ལོའི་འབྲུག་ཟླའི་དཀར་ཕྱོགས་དུས་ཚོད་བཟང་པོར་དབུ་བརྩམས་པ་ཞིག་ཡིན། དེ་ལ་དོན་ཚན་ནམ་རབ་དབྱེ་བདུན་གྱིས་བསྡུས་ཏེ། རབ་དབྱེ་དང་པོ། གདུལ་བྱ་སྣོད་བཅུད་ཀྱི་ཆགས་ཚུལ་མདོ་ཙམ་བརྗོད་པ། རབ་དབྱེ་གཉིས་པ། གདུལ་བྱེད་སངས་རྒྱས་ཀྱི་བྱོན་ཚུལ་དབྱེ་བས་བཤདཔ། རབ་དབྱེ་གསུམ་པ། གསང་སྔགས་ཀྱི་བསྟན་པ་བབ་ཚུལ་རྒྱས་པར་བཤད་པ། རབ་དབྱེ་བཞི་བ། བསྟན་པའི་གཞི་མ་རྒྱལ་གཤེན་གྱི་གདུང་རབས་བྱུང་ཚུལ་སོ་སོའི་རྣམ་གྲངས། རབ་དབྱེ་ལྔ་བ། འོལ་མོའི་གླིང་ནས་ཡུལ་སྤྱི་དང་བོད་ཡུལ་དུ་བསྟན་པ་དར་ཚུལ་སྤྱིར་སྨོས་པ། རབ་དབྱེ་དྲུག་པ། བར་དུ་བསྟན་པ་ལ་དར་ནུབ་བྱུང་ཚུལ་སོ་སོའི་ངེས་པ། རབ་དབྱེ་བདུན་པ། ཕྱིས་སུ་བཀའ་གཏེར་གྱི་བསྟན་པ་ཇི་ལྟར་དར་ཚུལ་བྱེ་བྲག་ཏུ་བསྟན་པ་བཅས་ཡིན་ནོ། ། |