85327

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེན་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི། སྦོམ་དགའ་མོ་སྐྱེས་པ་ལ་ཆགས་ནས་སྤོས་འཚོང་གི་ཁྱེའུའི་གྲོང་དུ་སོང་སྟེ། བཞིན་བཟང་རིག་པ་ཅུང་ཟད་ཀློག་གམ། ཐོན་ཅིག་དང་བསླབ་པོ་ཞེས་སྨྲས་པ་དང་། ཁྱེའུ་དེས་འདི་སྐད་ཅེས། ས་རི་ཕུ། བི་སི་རི་ཕུ། སི་རི། བི་སི་རི། ཕུ་སྭཱ་ཧཱ། ཞེས་སྨྲས་པ་ན་སྦོམ་དགའ་མོས་འདི་སྐད་ཅེས་ཡང་དང་ཡང་དུ་བརྗོད་ཅིག་ཅེས་སྨྲས་པ་དང་། དེ་ཁྲོས་ནས་མགོ་རེག་མོ་ངན་པ་ཞེས་སྤྱོས་པའི་བྱུང་བ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང་། རབ་བྱུང་གིས་ཁྱིམ་པ་ལ་ཆོས་མཉན་ནས་ཕྱག་འཚལ་བ་ལ་སོགས་པ་བླ་མ་ལ་མ་གུས་པའི་ཀུན་ཏུ་སྤྱོད་པས་ཆོས་ལ་མ་གུས་པའི་རྒྱུར་འགྱུར་བའོ། །དགེ་སློང་མས་ཆོས་འཆད་པ་པོ་ཁྱིམ་པ་ལས་རིག་པ་གང་ཡང་རུང་བ་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ནང་རིག་པའི་དོན་བཤད་པ་ལེན་པ་སྟེ། དགེ་སློང་མས་དོན་གོ་ན་ལྟུང་བྱེད་དོ། །ཅེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མས་ཁྱིམ་པ་ལས་རིག་པ་གང་ཡང་རུང་བ་ལེན་པ་ནི། ཁྱིམ་པ་ལས་རིག་པ་ལེན་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:ལེན་པའི་ལྟུང་བྱེད་

|; |@@@ | | }}