85361

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ (1)
Part of speech མིང་ཚིག
Definition ཟླ་བ་དང་པོ་ནས་ཟླ་བ་བཅུ་གཉིས་བར་གྱི་དུས་ཡུན་ལ་ལོ་ཟེར།
Keyword True
Example ད་ལོ་ང་ཚོའི་ལས་ཀ་ལེགས་འགྲུབ་ཆེན་པོ་བྱུང་། སང་ལོའི་ལས་འཆར་རྣམས་ད་ལོ་ནས་བང་བསྒྲིག་དགོས་ལྟ་བུ།
ལོ་ (2)
Part of speech མིང་ཚིག
Definition མི་དང་སྲོག་ཆགས་ཀྱི་ན་ཚོད་དམ་དངོས་པོ་གང་གི་གནས་ཚད།
Keyword True
Example བྱིས་པ་དེ་ལོ་བཅུ་ཡིན། དངོས་རྫས་འདི་ཐོན་ནས་ལོ་གསུམ་རེད་ལྟ་བུ།
ལོ་ (3)
Part of speech མིང་ཚིག
Definition རུང་བའམ་ཆོག་པའི་དོན་ཏེ།
Keyword True
Example ཁ་ཟས་འདི་ཟ་མི་ལོ། གོན་པ་འདི་གོན་ལོ་མིན་རང་གིས་ལྟོས་ལྟ་བུ།
ལོ་ (4)
Part of speech མིང་ཚིག
Definition ཚུལ་ལམ་ཟོལ་ཏེ།
Keyword True
Example གོ་ལོ་ཐོས་ལོ་ཙམ་གྱིས་གར་ཡང་མི་ཕྱིན་ལྟ་བུ།
ལོ་ (5)
Part of speech མིང་ཚིག
Definition ཞང་སྐད། རྒྱལ་བའི་བཀའ་དང་འཕགས་པའི་ལུང་གཉིས་སུ་ཕྱེ་བའི་ལུང་ལ་གོའོ། །
ལོ་ (1)
Part of speech གྲོགས་ཚིག
Definition མ་རངས་པའི་དགག་ཚིག་ཅིག་སྟེ། མཛོད་རྩ་བ་ལས། དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་པ་ལྟ་བུ་སྟེ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། ལོ་ཞེས་གསུངས་པ་ནི་མ་རངས་པའི་དགག་ཚིག་ཡིན་པའི་ཕྱིར། ཞེས་དང་། ཁ་ཅིག ལོ་ཞེས་པ་མ་རངས་པའི་ཚིག་མ་ཡིན་པར་ཐལ། དེ་བཤད་པའི་རྒྱན་ཡིན་པའི་ཕྱིར། དེར་ཐལ། ལོ་གྲགས་ཟེར་གསུམ་བཤད་པའི་རྒྱན་ཡིན་པའི་ཕྱིར། དེར་ཐལ། སློབ་དཔོན་རང་གི་བླ་མ་ཁ་ཆེ་འདུན་བཟང་གིས་དེ་ལྟར་བཞེད་པའི་ཕྱིར་ན་མ་ཁྱབ། ཞེས་གསུངས།