85380

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཀླུང་དགུ་ (1)
Part of speech མིང་ཚིག
Definition མེ་ནི་སྟག་གི་ལོ་བ་ལ། །ཟིན་ཐོག་བུ་ནི་འབྲུག་ལོ་སྐྱེས། །སྐྱེ་ཤིང་རྩེ་མོར་ཁུ་བྱུག་གྲགས། །མ་ནི་སྤྲེོལ་ལོར་སྤར་ཁ་དྭར། །བུ་ནི་ཆུ་ལོ་སྐྱེས་གྱུར་ན། །རི་བོའི་རྩེ་ལ་ཉི་མ་ཤར། །མ་ནི་རྟ་སྦྲུལ་སྤར་ཁ་ལིར། །བུ་ནི་ལུག་ལོ་བཙས་པ་ན། །གངས་རི་རྩེ་མོར་ཁྱུང་སྐད་སྒྲོགས། །མ་ནི་ཕག་ལོ་སྤར་ཁ་ཁམ། །བུ་ནི་གླང་ལོ་བཙས་པ་ན། །རྒྱ་མཚོའི་ཁ་ལ་གསེར་བྱ་ལྡིང་། །མ་ནི་ཁྱི་ལོ་ཁེན་ཐོག་ཏུ། །བུ་ནི་བྱ་སྤྲེལ་ལོ་བ་སྐྱེས། །སྐྱིད་ཀྱི་གནམ་མཐོང་ཕྱེས་པ་ཡིན། །ལུགས་གཅིག་རོ་ཁ་ཡིན་ཡང་ཟེར། །མ་ནི་འབྲུག་ལོ་བུ་སྟག་ལོ། །ཟོན་སྐྱེས་མགོ་ཐོག་ཉི་མ་ཤར། །མ་ནི་གླང་ལོ་བུ་བྱི་ཕག།།གིང་ལ་སྐྱེས་ན་ཟམ་པ་ཆག། །མ་ནི་ལུག་ལོ་བུ་རྟ་སྦྲུལ། །ཁོན་ལ་སྐྱེས་ན་སྲིན་པོ་ལངས། །མ་ནི་ཤིང་པར་བུ་ལྕགས་པར། །བཙས་ན་མར་དཀྱིལ་རུས་འཛེར་ཡིན། །
Domain རྩིས་རིག