85441
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པར་གླིངས་པའི་སྟན་རང་ངམ་བསྐོས་པས་ཟིན་པ་ལས་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་ཞིང་། གནང་བ་མ་ཐོབ་པ་སྟན་གཞན་ཡོད་པའམ། རང་དགར་བཏང་བས་མེད་པ་ན་གླིངས་པའི་སྟན་རང་ངམ་སྐོས་པ་གང་རུང་གིས་ཟིན་པར་བྱས་ཏེ། བཀྲམ་པ་རྫོགས་པ་ན་སྤང་ལྟུང་དུ་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་དུ་མང་པོས་བྱེད་དུ་བཅུག་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོག་་མི་ཤེས་པ་དང་། དོན་དང་བྱ་བ་མང་བའོ། །ཞེས་གསུངས། |
| Domain | ཆོས་ལུགས། |