85445
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རྒན་དྲུག་ཅུའི་ནང་གསེས་སྨེ་བ་གཉིས་ནག་ཡིན་པའི་ལོ་ངན་ཉི་ཤུ་ལ་ཟེར་ཞིང་། དེ་དག་ནི་སྨེ་ཕྲེང་དང་པོའི་ཆུ་ཕོ་སྤྲེལ་དང་། ལྕགས་མོ་སྦྲུལ། ལྕགས་ཕོ་སྟག ས་མོ་ཕག ས་ཕོ་སྤྲེལ། མེ་མོ་སྦྲུལ། སྨེ་ཕྲེང་གཉིས་པའི་མེ་ཕོ་སྟག་དང་། ཤིང་མོ་ཕག ཤིང་ཕོ་སྤྲེལ། ཆུ་མོ་སྦྲུལ། ཆུ་ཕོ་སྟག ལྕགས་མོ་ཕག ལྕགས་ཕོ་སྤྲེལ། སྨེ་ཕྲེང་གསུམ་པའི་ས་མོ་སྦྲུལ་དང་། ས་ཕོ་སྟག མེ་མོ་ཕག མེ་ཕོ་སྤྲེལ། ཤིང་མོ་སྦྲུལ། ཤིང་ཕོ་སྟག ཆུ་མོ་ཕག་བཅས་ཡིན། ལོ་ནག་མཆེ་བ་ཅན་ཞེས་ཤིན་ཏུ་གཉན་པར་གྲགས་པའི་ལོ་ཉི་ཤུ་པོ་དེ་ལས་གང་ཞིག་གནམ་ལོར་ཤར་ན། རྒྱལ་ཁམས་ཀུན་ཏུ་རྒྱལ་པོ་ནང་འཐབ་དང་དམངས་རྣམས་དུཿཁས་མནར་བར་བཤད། |
| Domain | རྩིས་རིག |