85466
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། གནས་སྐབས་དང་པོ་ལ་ནི། བྱིས་པ། དམན་པ། གན་རྐྱལ་དུ་ཉལ་བར་འགྱུར་རོ། །གནས་སྐབས་གཉིས་པ་ལ་ནི། གཞོན་ནུ་རྩེ་བའི་རང་བཞིན་ཅན་དུ་འགྱུར་རོ། །གནས་སྐབས་གསུམ་པ་ལ་ནི། ཐོར་བུར་སྤྱོད་པར་འགྱུར་རོ། །གནས་སྐབས་བཞི་པ་ལ་ནི། སྟོབས་དང་ལྡན་ཞིང་སྤྲོ་བ་ཅན་དུ་འགྱུར་རོ། །གནས་སྐབས་ལྔ་པ་ལ་ནི། ཤེས་རབ་དང་ལྡན་ཞིང་སྤོབས་པ་དང་ལྡན་པར་འགྱུར་རོ། །གནས་སྐབས་དྲུག་པ་ལ་ནི། དྲན་པ་དང་ལྡན་ཞིང་དཔྱོད་པའི་རང་བཞིན་ཅན་དུ་འགྱུར་རོ། །གནས་སྐབས་བདུན་པ་ལ་ནི། བརྟན་པ་ཚད་ལ་བབ་པར་འགྱུར་རོ། །གནས་སྐབས་བརྒྱད་པ་ལ་ནི། བརྟན་པ་རྒྱལ་པོ་ལྟ་བུར་འགྱུར་རོ། །གནས་སྐབས་དགུ་པ་ལ་ནི། རྒན་པོ་རྒ་བས་འཁོགས་པར་འགྱུར་རོ། །གནས་སྐབས་བཅུ་པ་ལ་ནི། ཚེ་ཟད་ཅིང་འཆི་བའི་ཆོས་ཅན་དུ་འགྱུར་བའོ། ། |
| Domain | ཆོས་ལུགས། |