85469

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་བྱི་མགོ་བ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་སྟོད་ལ་གཉལ་སྟོད་དུ་འཁྲུངས། རས་ཆུང་པ་ལ་གསེར་གྱི་མཎྜལ་ཕུལ་ནས་དབང་དང་གདམས་ངག་མ་ལུས་ཞུས། རླུང་ཨ་བ་དྷུ་ཏཱིར་ཚུད་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་མེད་ཀྱིས་ཞལ་གཟིགས། བདེ་མཆོག་དཔའ་བོ་གཅིག་པའི་ཞལ་ཡང་མཇལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། མ་གཅིག་གཡང་དགོས་ཀྱི་སྲས་མོ་ཞིག་གིས་ཞབས་ཏོག་མཛད། རྗེ་རས་ཆུང་པའི་སྤྱན་སྔར་ལོ་ངོ་ཉེར་ལྔར་གྲལ་དཔོན་གནང་། གདུལ་བྱའི་འཁོར་ཐམས་ཅད་བསྐྱངས། རས་ཆུང་རྡོ་རྗེ་གྲགས་པའི་ཐུགས་སྲས་བཅུ་གསུམ་གྱི་དང་པོ་ཡིན།