85480
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རྫོགས་པར་འདོད་པ་གང་འདི་སྐྱེས་ནས་ཉི་ཤུ་མ་རྫོགས་ཏེ་མ་ལོན་པའི་ལོ་ཡིས་ཏེ་མ་ལོན་ཡང་ལོན་པར་འདུ་ཤེས་ནས་དགེ་སློང་བྱས་ན་ནི་ལོ་གསུམ་ལ་ཟླ་གཤོལ་རེ་འདོར་བས་དེ་དག་ཀྱང་བསྣན་ནས་བགྲང་བར་བྱ་ཞིང་། དེས་ཀྱང་མ་ཚང་ན་མངལ་དུ་ཟླ་བ་དགུའམ་བཅུ་གནས་པས་དེ་དག་རྣམས་ཀྱང་རྫོགས་བྱེད་མཁས་པས་བགྲང་ནས་ལོའི་ཁ་དགང་བར་བྱའོ། །གལ་ཏེ་དེ་ལྟར་བགྲངས་ཀྱང་དགེ་སློང་བྱས་པ་ན་ཡང་འདི་ནི་ལོ་ཉི་ཤུ་མ་ཚང་ན་གང་ཟག་དེ་དགེ་ཚུལ་ཉིད་དུ་གནས་པར་འགྱུར་ཏེ། དེ་ནི་བསྙེན་པར་རྫོགས་པ་མ་ཡིན་པ་ཉིད་དོ། །གལ་ཏེ་བསྙེན་རྫོགས་བྱས་ནས་ལོ་གཅིག་གམ་ལོ་གཉིས་དག་ནས་དགེ་སློང་བྱེད་དུས་ན་ལོ་ཉི་ཤུ་མ་ལོན་པར་འདུག་སྙམ་དུ་གལ་ཏེ་དྲན་པར་རྙེད་པར་གྱུར་ན་དྲན་པ་རྙེད་དུས་དེ་ན་ཟླ་བཤོལ་དང་མངལ་ཟླ་རྣམས་བརྩིས་པས་ལོ་ཉི་ཤུ་ལོན་ན་རྫོགས་བྱེད་འདི་ཡི་ལོ་ནི་ཚང་བ་ཡིན་པས་ན་བསྙེན་པར་རྫོགས་པ་ཉིད་ཡིན་ནོ། །འདི་ནི་དང་པོར་བསྙེན་པར་རྫོགས་པའི་དུས་སུ་སྐྱེས་ནས་ལོ་ཉི་ཤུ་མ་ལོན་ཡང་ཟླ་བཤོལ་དང་མངལ་གྱི་ཟླ་བས་ཁ་བསྐངས་ནས་བསྙེན་པར་རྫོགས་སུ་རུང་ཞེས་པའི་དོན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དང་པོར་ལོ་མ་ལོན་པ་ལ་མ་ལོན་པར་འདུ་ཤེས་པས་ཕྱིས་དྲན་པའི་དུས་སུ་འཇིག་མི་འཇིག་དཔྱད་པ་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། ། |
| Domain | ཆོས་ལུགས། |