85488

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་མའི་ཁང་པའི་སྐྱོན་བརྒྱད་ (1)
Part of speech མིང་ཚིག
Definition སྐྱེས་རབས་གླེང་གཞི་ལས་བྱུང་བ་སྟེ། ༡ ཤིང་མང་པོ་ལ་ནོར་མང་པོ་དགོས་པ་དང་བསྡུས་ནས་ཁང་པ་བྱེད་ཅིང་ཚོལ་བའོ། ། ༢ རྩྭ་དང་། ས་འཛད་པ་དང་། ཡང་དང་། ཡང་ཟད་པས་ན་བཅོས་དགོས་པ་རྒྱུན་མི་འཆད་པའོ། ། ༣ ཉལ་བའི་གནས་ཞེས་བྱ་བ་ན་ཆེན་པོ་ལ་རིགས་ཏེ། དུས་མ་ཡིན་པར་སློང་དགོས་པས་སེམས་རྩེ་གཅིག་ཏུ་མི་གནས་པ་དང་། འགྲོ་དགོས་པའོ། ། ༤ དྲང་བ་དང་། དྲོ་བ་དང་། འཇམ་པ་དང་། ལུས་བདེ་བར་བྱེད་པའོ། ། ༥ ཁང་པའི་ནང་དུ་ཞུགས་ནས་སྡིག་པ་བྱེད་པར་ནུས་པ་དང་། ངོ་ཚ་བ་བཟློག་པའོ། ། ༦ བདག་གི་ཡིན་ནོ་ཞེས་སྲུང་བའོ། །༧ ཁྱིམ་པ་ཡོད་ཅེས་པ་གཉིས་པའོ། ། ༨ ཤིག་དང་། འདྲེ་ཤིག་དང་། ཁྱི་ཤིག་ལ་སོགས་པའི་སྲོག་ཆགས་དུ་མ་གནས་པར་འགྱུར་བའོ། །
Domain ཆོས་ལུགས།