85501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་མགོར་འཁྲུངས། བོད་ནས་ཐོག་མར་ཐོས་བསམ་མཛད། རབ་བྱུང་དང་དགེ་ཚུལ་བསྒྲུབས། བལ་ཡུལ་དང་རྒྱ་གར་སོགས་སུ་སློབ་སྦྱངས་གནང་། ལེགས་སྦྱར་སྐད་ལ་བྱན་ཆུད་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་གནོད་སྦྱིན་དྲག་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ལེའུ་བཅོ་ལྔ་བ་དང་། བསྟན་འགྱུར་ལས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཐུགས་རྗེའི་ཕྲེང་བ། ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་མན་ངག་གི་རྒྱུད་ཀྱི་འགྲེལ་བ་གཟི་བརྗིད་སྣང་བ། ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་ཚིགས་སུ་བཅད་པ་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ལྔ་བཅུ་ཡོད་པ་བཅས་བཞུགས།