85502
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་དགུ་པའི་མགོར་འཁྲུངས། རབ་ཏུ་བྱུང་། སྒྲ་བསྒྱུར་ལ་མཁས་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་བམ་པོ་བདུན་པ་དང་། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་བམ་པོ་ལྔ་བ། འཕགས་པ་སྨན་ལ་སྔགས་ཀྱིས་གདབ་པ། འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པ་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོའི་གཟུངས་ལེའུ་བདུན་པ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས། བསྟན་འགྱུར་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ། གཅིག་ལས་འཕྲོས་པའི་བསྟོད། བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ། ཚིག་བརྒྱད་པའི་བསྟོད་པ། དཀོན་མཆོག་གསུམ་གྱི་བསྟོད་པ། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛད། རྒྱལ་བའི་ལམ་འཇུག་པ་ནས་བྱུང་བའི་སྨོན་ལ་བཅས་བཞུགས། |