85504
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། སྐུ་ཚེའི་སྟོད་ལ་བོན་གྱེར་གཤེན་ཆེན་པོ་ཞིག་ཡིན། སྐུ་ཚེའི་སྨད་དུ་རབ་ཏུ་བྱུང་ནས་སྒྲ་སྒྱུར་ལ་སྦྱངས་པའི་ལོ་ཙཱ་བཞིག་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་ཞུས། སྒོམ་སྒྲུབ་ཉམས་ལེན་ལ་འབད་དེ། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས་ཐུབ་པའི་དངོས་གྲུབ་བརྙེས། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས་དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་ཁུག་ཞེས་གསུངས། རྗེ་འབངས་ཉེར་ལྔའི་ནང་གི་གཅིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ་ཤོ་ལོ་ཀ་སུམ་ཅུ་དང་། བསྟན་འགྱུར་ལས་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་དང་། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ་དོན་བརྒྱད་མ། འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ། འབྲེལ་བ་བརྟག་པའི་རྒྱ་ཆེར་བཤད་པ་བཅས་བཞུགས། |