85509
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་དགུ་པའི་མགོར་འཁྲུངས། སྒྲ་སྒྱུར་ལ་མཁས་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་དང་། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་བ་རིན་པོ་ཆེ་གསལ་བ། འཕགས་པ་རྡོ་རྗེ་རྣམ་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་ཆོ་ག་ཞིབ་མོ་དང་བཅས་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་གཅིག་ཏུ་གྲུབ་པ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་གཏོར་མའི་ཆོ་གའི་རིམ་པ། དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་བ། སྡོམ་པ་ཉི་སུ་པའི་འགྲེལ་བ། སྐྱེས་རབས་སོ་བཞི་བ་ཤོ་ལོ་ཀ་སུམ་སྟོང་ཕྱེད་དང་བཞི་བཅས་བཞུགས། |