85511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཙཱ་བ་རཏྣ་རཀྵི་ཏ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་སྨད་དུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཀྱི་ལོ་ཙཱ་བ་ཞིག་ཡིན། རབ་ཏུ་བྱུང། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་དཀོན་མཆོག་གི་ཟ་མ་ཏོག་བམ་པོ་བཞི་པ་དང། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་བམ་པ་ལྔ་པ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་བདུན་པ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་བམ་པོ་གསུམ་པ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བམ་པོ་ལྔ་པ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་བམ་པོ་བདུན་པ། འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་བམ་པོ་གཅིག་པ། ཁང་བུ་བརྩེགས་པའི་མདོ་ཤོ་ལོ་ཀ་དྲུག་ཅུ་བ་བཅས་བཞུགས། མཚན་གཞན། རིན་ཆེན་འཚོ།