85517

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཙཱ་བའི་ཐོག་མཐའ་བར་དགེའི་ཁྲིད་ཡིག་ (1)
Part of speech མིང་ཚིག
Definition སྔགས་ཀྱི་ལྟ་ཁྲིད་སྐོར། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་ཅིག་སྟེ། མཛད་པ་པོ་ཇོ་ནང་བླ་མ་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། གཞུང་ཚད་ལ་སྡེབ་གྲངས་བཞི་བཅུ་བཞུགས། བརྗོད་བྱ་ནི་ཡན་ལག་དྲུག་སྟེ། ཐོག་མར་དགེ་བ་སོར་བསམ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་དང་། བར་དུ་དགེ་བ་སྲོག་འཛིན་གསུང་རྡོ་རྗེ་ཉེ་བསྙེན་གྱི་ཡན་ལག་དང་། ཐ་མར་དགེ་བ་དྲན་ཏིང་ཐུགས་དང་ཡེ་ཤེས་རྡོ་རྗེ་སྒྲུབ་པ་དང་སྒྲུབ་ཆེན་གྱི་ཡན་ལག་བཅས་སོ། །དེ་དག་གི་ཁུངས་ཀྱང་གཞུང་དེའི་མཇུག་ཏུ། འདིར་ཐོག་མར་དགེ་བ་ཤ་བ་རི་ནས་བླ་ཆེན་བྷི་བྷཱུ་ཏི་ཚནྡྲ་དང་། བར་དགེ་ཟླ་བ་མགོན་པོ་ནས་པཎ་ཆེན་ཤཱཀྱ་ཤྲཱི་དང་། མཐར་དགེ་འབྲོ་སྟོན་ལོ་ཙཱ་ནས་ཇི་ལྟར་བརྒྱུད་པ་ལྟར་བྲིས་པའོ། །ཞེས་བྱུང་ངོ་། །