85529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་འགྲོས་ཀྱི་འཆི་དུས་ (1)
Part of speech མིང་ཚིག
Definition གཤིན་པོ་གང་ཞིག་གནམ་ལོ་ཤར་ཉེས་དང་། སོ་སོའི་ལོག་མེན་ལོ་བབས་ཉེས་བཅས་ཀྱི་ཆ་ནས་ཚེ་ཟད་ལས་ཀྱིས་ཤི་བའི་དུས་ཏེ། གནམ་ལོར་རང་ལོ་ཤར་བའི་རང་ཀེག་རྩུབ་པ་དང་། རང་ལོའི་བདུན་ཟུར་ཤར་བའི་དགྲ་གཤེད་རྩུབ་པ། ཀླུང་རྟ་གཅིག་པ་ཤར་བའི་མཐུན་གསུམ་རྩུབ་པ། དབང་ཁམས་གཅིག་པ་ཤར་བའི་ཁྱིམ་མཚེས་རྩུབ་པ། ཡར་བཞི་མར་བཞི་ཤར་བའི་བཞི་གཤེད་རྩུབ་པ། ཕ་མ་གཤེགས་ལོ་ཤར་བའི་སྲི་ངན་རྩུབ་པ་བཅས་དང་། ལོག་མེན་ལོའི་ཆ་ནས་བདུན་གཅོད་དམ་བླ་འཁྱམས་ཡིན་དུས་ཡིན་ཞིང་། དེ་མིན་རྒྱ་ཡི་ལོ་དཀར་ཧ་ཤ་ལས་མི་མཐུན་པར་གསུངས་པའི་ལོ་གཉིས་རང་ལོ་དང་གནམ་ལོར་སོང་ཡང་ལོ་འགྲོས་ཀྱི་ཆ་ནས་འཆི་དུས་ཡིན།
Domain རྩིས་རིག