85550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཡི་ས་སྒོ་ (1)
Part of speech མིང་ཚིག
Definition ལོ་འགྲོས་བཅུ་གཉིས་ལས་ཕག་སྤྲུལ་གཉིས་ལ་ལོ་ཡི་ས་སྒོ་ཟེར་ཞིང་། དེ་གཉིས་ལས་ཕག་ཕོ་ལ་ཁྱད་པར་དུ་གཉན་པས་ཕོ་ཡི་ས་སྒོ་དང་། མོའི་བྱེ་བྲག་གི་ས་སྒོ་ནི་སྦྲུལ་ཡིན། གལ་སྲིད་བརྩི་བྱ་ཕོ་མོའི་ལོག་མེན་ལོ་རང་རང་གི་ས་སྒོའི་སྟེང་དུ་བབས་ན་ས་སྒོ་ཕྱེ་ཞེས་ཟེར་ཞིང་། དུས་དེར་ཁང་རྨིང་འདིང་བ་སོགས་ས་རྐོ་རྡོ་སློག་གི་ལས་དང་ཤིང་གཅོད་བཅས་སྤང་དགོས། ལྷག་པར་དུ་ཀླུ་ནད་མཛེ་ཤུ་ཕོལ་འབྲས་བཅས་འགོ་ཉེན་ཡོད་པས། བཟློག་རིམ་ལ་ས་སྙིང་གི་མདོ་དང་། སྣང་བརྒྱད། ཀླུའི་སྤང་སྐོང་། ཏོག་གཟུངས་བཅས་གདོན་དགོས། ཁྱད་པར་དུ་ཤིང་གི་ཕག་སྦྲུལ་ལ་བབས་ན་ཕ་མིང་དང་། མེ་ཡི་ཕག་སྦྲུལ་ལ་བས་ན་མ་སྨད། ས་ཡི་ཕག་སྦྲུལ་ལ་བབས་ན་མ་སྲུ། ལྕགས་ཀྱི་ཕག་སྦྲུལ་ལ་བབས་ན་ཟས་ནོར། ཆུ་ཡི་ཕག་སྦྲུལ་ལ་བབས་ན་བྱ་བྱེད་བཅས་ལ་ངན་པས་དེ་དག་གི་སར་ས་སྒོ་ཕྱེ་ཞེས་ཟེར་བ་ཡིན། བརྩི་བྱའི་ལོ་ཁམས་ཅི་ཡིན་དང་གནམ་ལོར་གང་ཤར་ལ་བལྟ་མི་དགོས་པར་སྐྱེས་པ་དག་རང་ལོ་བཅུ་དང་། ཉེར་གཉིས། སོ་བཞི། ང་དྲུག རེ་བརྒྱད། བརྒྱད་ཅུ་སོགས་ལ་སོན་དུས་དེར་ས་སྒོ་ཕྱེ་ཞིང་། བུད་མེད་དག་རང་ལོ་བཞི་དང་། བཅུ་དྲུག ཉེར་བརྒྱད། བཞི་བཅུ། ང་གཉིས། རེ་བཞི། དོན་དྲུག གྱ་བརྒྱད་སོགས་ལ་སོན་དུས་དེར་ས་སྒོ་ཕྱེ་བ་ཡིན།
Domain རྩིས་རིག