85555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་རས་ཐུབ་པ་ལྔ་ལྡན་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ལོ་རས་ཐུབ་པ་ལྔ་ལྡན་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གོ་དགུ་པ་ཡིན། བརྗོད་བྱ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་ཞིང་གཏུམ་མོའི་མེ་དཔུང་སྒོམ་པས་བདེ་སྟོང་ཡེ་ཤེས་སུ་ཤར་བའི་གདམས་པ་དང་། བདེ་སྡུག་རོ་སྙོམས་གང་བྱུང་ཕྱག་ཆེན་དུ་འཆར་པའི་ཉམས་ལེན་གྱི་རིམ་པ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་ཕག་གྲུའི་ཞབས། །གླིང་རས་རྒྱ་རས་ལོ་རས་དར་མ་དབང། །དགའ་ལྡན་པ་དང་བསོད་དར་འགིར་ཕུ་པ། །འོད་ཟེར་རྒྱ་མཚོ་སངས་རྒྱས་རས་པ་དང་། །སྐྱེས་མཆོག་སྨོན་ལམ་པ་དང་གཡམ་སྐྱིལ་པ། །བློ་གྲོས་ཆོས་རྒྱལ་ངག་དབང་སྤྲུལ་པའི་སྐུ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གྲྭ་དགའ་ལྡན་པའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།